R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༡༠
[A:༦༡༠]དབུ་མའི་ལུགས་ཀྱི་སེམས་བསྐྱེད་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཁྲིད་ལུང་བཅས་དགེས་རྡོར་བཀའ་བབས་བཞི། ཡང་དག་མེ་དགུ་རྣམས་ཀྱི་དབང་བིརྺ་པ་ཉིད་ཀྱི་ལམ་འབྲས་ཆུང་བར་གྲགས་པ་ཤིན་ཏུ་སྤྲོས་མེད་ཀྱི་དབང་བྱིན་རླབས་ཁྲིད་ལུང་ལ་སོགས་པ་ཆོས་སྐོར་ཆ་ཚང་། རྣལ་འབྱོར་རྒྱུད་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་དང་། ཕྱག་རྡོར་འཆི་བདག་འཇོམས་པ་ལྷ་བཅུ་གསུམ་མ་དང་། ངན་སོང་སྦྱོང་བ་བརྒྱུད་པ་ལྔ་ལྡན་ཀུན་རིག་གཉིས་ཀྱི་དབང་། འཇིགས་བྱེད་ས་ལུགས་རོ་ལངས་བརྒྱད་སྐོར་གྱི་དབང་། ལམ་འབྲས་ཀྱི་བརྡ་ཚིག་རྒྱུད་ཐུན་མོང་མ་ཡིན་པའི་བྱིན་རླབས་ཨ་མེས་ཞབས་ཀྱི་སེང་སྒྲའི་ཆོ་ག་ཆབ་ཀླུ་གཏོར་གྱི་ལུང་སོགས་གསན། ངོར་པ་དཔོན་སློབ་ངག་དབང་བཟང་པོ་ལས་སྤྱི་བཀའ་རྡོ་རྗེ་ཕྲེང་བའི་དབང་ཞེ་གཉིས་སྟེང་ཀྲི་ཡ་ནས་གསུངས་པའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བསྣན་པས་དཀྱིལ་འཁོར་ཞེ་ལྔའི་དབང་ཆེན། ཟུར་བཀའ་བྱ་རྒྱུད་རིགས་གསུམ་སྤྱི། སྤྱོད་རྒྱུད་འཇམ་དབྱངས་དམར་སེར་ཨ་ར་པ་ཙ་ན་ལྷ་ལྔ། མི་འཁྲུགས་ལྷ་དགུ། བཅུ་གཅིག་ཞལ་ལྷ་སོ་བདུན། གཟུངས་གྲྭ་ལྔ། གདུགས་དཀར་ལྷ་ཉེར་བདུན། ཕྱག་རྡོར་འགྲོ་བཟང་ལུགས། འཇིགས་བྱེད་རྭ་ལུགས་རོ་ལངས་བརྒྱད་སྐོར། དགྲ་ནག་ལྷ་བཅུ་གསུམ། བདེ་མཆོག་མཁའ་འགྲོ་རྒྱ་མཚོ། བདེ་མཆོག་དྲིལ་བུ་ལུགས་ལྷ་ལྔ། ཀུ་རུ་ཀུལླེ་ལྷ་ལྔ། བླ་མེད་གུར་སོ་གཉིས་བཅས་ཀྱི་དབང་ཆེན་རྣམས་དང་། རྗེས་གནང་སྤྱི་བཀའ་སྒྲུབ་ཐབས་རྒྱ་མཚོར་གྲགས་པ། སྒྲུབ་ཐབས་བརྒྱ་དང་ཞེ་གཉིས། རྗེས་གནང་བརྒྱ་དང་སོ་བརྒྱད། སྣར་