R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༡༡
[A:༦༡༡]ཐང་བརྒྱ་ཚར་གྲགས་པ་རྗེས་གནང་སོ་གཉིས། སྒྲུབ་ཐབས་བརྒྱ་རྩ་ཡོད། གོང་སྒྲུབ་ཐབས་བརྒྱ་རྒྱམ་དང་སྣར་ཐང་བརྒྱ་རྩ་སོགས་རྒྱ་གཞུང་རྣམས་ཀྱི་ལུང་བཅས་ཟུར་བཀའ་གཉན་སྒྲོལ། ཀླུ་དབང་ལྷ་ལྔ། དབྱངས་ཅན་དཀར་མོ། འཇམ་དཔལ་ཤེས་རབ་འཁོར་ལོ། ཕྱག་རྡོར་གོས་སྔོན་ཅན། བླ་མེད་སྒྲོལ་མ་ཉེར་གཅིག ཚེ་དཔག་མེད་དཀར་པོ། གནས་བཅུ་ཕག་དཀར་ཤེས་རབ་གསལ་བྱེད། ཀླུ་པའི་གསེར་ཆོས་སེང་སྒྲ། འབྱུང་འདུལ། སེམས་དཔའ་གསུམ་རྩེགས། བ་རི་མགོན་རྐྱང་། ལྕམ་དྲལ་ལྷ་གསུམ། ལྷ་བརྒྱད། དུད་སོལ་གསང་སྒྲུབ། བྲན་བདུད་ཐུན་མིན་གཉིས། པུ་ཏྲ་ཐུན་མིན་གཉིས། ལེགས་ལྡན་མཆེད་གསུམ། ལས་གཤིན་རིགས་གསུམ་སོགས་ཀྱི་རྗེས་གནང་། གཞན་ཡང་འདོད་རྒྱལ་གསང་སྔགས་སྒྲ། སྒྲོལ་དཀར་བཀའ་བབས་དགུ་ལྡན། དཔལ་མགོན་རྩེགས་ཞལ་ཅན། སེང་གདོང་དམར་མོ། ཚེ་རིང་མཆེད་ལྔ། ལེགས་ལྡན་སྟག་ཞོན་ལྷ་མོ། ཐུགས་ཆེན་ཕྱག་ཆེན་ཟུང་འཇུག དབྱངས་ཅན་དམར་མོ། རྟ་མགྲིན་གྲུབ་རྒྱལ་ལུགས། སྒྲོལ་མ་དམར་མོ་རྣམས་ཀྱི་རྗེས་གནང་། འཇིགས་བྱེད་དུག་དབང་། རྟེན་འབྲེལ་སྲུང་བའི་བྱིན་རླབས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་གསུམ། ཀུན་མཁྱེན་རིན་པོ་ཆེའི་སྔགས་འབུམ་ཚང་མའི་ལུང་། བཀའ་གདམས་ལྷ་བཞིའི་རྗེས་གནང་ཁྲིད་བཅས་དང་། སྒྲོལ་མའི་རྨི་ལམ་རྟགས་སྒྲུབ་ཀྱི་ལུང་། ཇོ་ནང་གྲོལ་མཆོག་ཞབས་ཀྱི་ཁྲིད་བརྒྱ་ཡོངས་རྫོགས་སོགས་གསན། ཡོངས་འཛིན་མ་ཏི་ཡ་མུ་འདྲ་ལས། སྒྲོལ་དཀར་བཀའ་བབས་དགུ་ལྡན་གྱི་རྗེས་གནང་ཚེ་སྒྲུབ་ཞག་བདུན་མ། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད།