R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༡༡༢
[A:༡༡༢]བྱ་རྒྱུད་དྲི་མེད་རྣམ་གཉིས་ཀྱི་དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་བྱིན་རླབས། ཚེ་དཔག་མེད་སྤྲུལ་སྐུ། ནོར་རྒྱུན་མ་སེར་མོ། དོན་ཞགས་ལྷ་ལྔ། ལས་གཤིན་རིགས་རྣམས་ཀྱི་རྗེས་གནང་། ཤངས་ཆོས་ནི་གུ་ཆོས་དྲུག་གི་དབང་ལུང་བྱིན་རླབས་ཁྲིད་ལུང་བཅས་ཚང་མ། གཤེར་དམར་སྤྲོས་མེད་ཀྱི་ཁྲིད། དེ་སྐོར་བསྐྱེད་རྫོགས་སྒྲུབ་དཀྱིལ་མཚམས་ཀྱི་ལུང་། སྤྱན་གཟིགས་ཚོམས་བུ་ལུགས་ཀྱི་དམར་ཁྲིད་སྐོར་ཡིག་ལུང་ཆོས་དབང་། ཐུགས་ཆེན་འཁོར་བ་དོང་སྤུག་གི་བྱིན་རླབས། ས་ཆེན་གོང་མ་ལྔའི་བཀའ་འབུམ་ཚང་མ། མཚན་ཉིད་གཞུང་གྲགས་ཆེན་བཅོ་བརྒྱད། དགེས་རྡོར་རྣམ་བཤད། གསང་སྔགས་མཛེས་རྒྱན། སྣང་མཐའི་ཉལ་འཕོ། སྤྱན་རས་གཟིགས་ཀྱི་མིག་འབྱེད། ཀུན་བཀྲས་གསུར་བསྔོ། རོང་སྟོན་གྱི་ཡུམ་ལ་གནང་བའི་འཕོ་དམིགས་རྟེན་རྡོར་གྱི་ཐུགས་ཆེན་འཕོ་དམིགས་རྣམས་ཀྱི་ལུང་དང་། ས་ཆེན་ཀུན་བློས་མཛད་པའི་མ་ཎིའི་བཟླས་ལུང་བཅས་གསན། རིག་འཛིན་སྙིང་རི་ཁྲི་ཆེན་མཐུ་སྟོབས་བསྟན་འཛིན་ལས། གོང་དུ་འཇམ་མགོན་ཀུན་དགའ་རྒྱལ་མཚན་གྱི་གསན་མ་ཐུབ་པའི་བེག་པོད་ཀྱི་འཕྲོ་དང་དེའི་གཏེར་མའི་སྐོར་རྣམས་གསན་པ་བཅས་འཇམ་མགོན་ཀུན་བློ་མན་ནས་དུས་ཕྱིས་བྱོན་པའི་གདུང་རྒྱུད་ཞིག་ལ་འདི་རང་གསན་རྒྱ་ཆེ་བར། ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། གཟིམ་འོག་མཆོག་སྤྲུལ་བསྟན་འཛིན་སྙན་གྲགས་སོགས་ཀྱིས་ཀྱང་བསྔགས་བརྗོད་མཛད་པར་གྲགས་འདུག་དེ་ལྟར་ཐོས་བསམ་མཛད་པ་དེ་དག་བསྒོམ་པས་ཉམས་སུ་བཞེས་ཚུལ་ཡང་ཐོག་མར་རྡོ་རྗེ་གུར་