R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༦
[A:༥༦]དྲག་གི་བེའུ་བུམ་ཨ་མེས་ཞབས་ཀྱི་དཀར་ཆག་བཞིན་གྱི་ལུང༌། རྣམ་སྲས་ལྔ་ཕྲག་གསུམ་གྱི་རྗེས་གནང་གི་ཡི་གེ་ནོར་འཛིན་དཔལ་མོའི་རྒྱན་ཕྲེང་གི་ལུང༌། བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་གྱི་རྣམ་སྲས་ལྔ་ཕྲག་གསུམ་གྱི་རྗེས་གནང་དངོས་གྲུབ་འདོད་འཇོ། ཨ་མེས་རྣམ་སྲས་ཞི་དྲག་གི་ཆོས་སྐོར་དཀར་ཆག སྟག་ལུང་ངག་དབང་རྣམ་རྒྱལ་གྱི་རྣམ་སྲས་རིགས་ཆེན་བརྒྱད་ཀྱི་རྗེས་གནང་གི་ཆོག་ཁྲིད་བསྟོད་པ་བཅས། དེས་མཛད་པའི་ཨ་པ་ར་ཛི་ཏའི་རྗེས་གནང་གི་ཡི་གེ་དང་བཅས་པ་གསན། ངོར་ཆེན་དཀོན་ལྷུན་གྱི་ཡིག་སྟེང་ནས་རྣམ་སྲས་སེར་ཅན་ལྷ་དགུའི་རྗེས་གནང་ཡིག་ལུང༌། རྨོར་ཆེན་ཡིག་སྟེང་ནས་རྣམ་སྲས་སྙན་གྲགས་སྒྲུབ་དང༌། ཨ་པ་ར་ཙི་ཏ་གཉིས་ཀྱི་རྗེས་གནང་ཡིག་ལུང་བཅས། སྤྱོད་རྒྱུད་ལ། ས་ལོའི་ཡིག་སྟེང་ནས་འཇམ་དབྱངས་དམར་སེར་རྗེས་གནང༌། དེའི་ཡིག་ཆ་རྗེ་བཙུན་ངོར་ཆེན་མུས་ཆེན་སངས་རིན་ས་ལོས་མཛད་པ་རྣམས་ཀྱི་ལུང༌། གོང་གི་བྱ་སྤྱོད་དབང་སོགས་ཀྱི་རྒྱབ་རྟེན་དུ་བསམ་གཏན་ཕྱི་མ། དཔུང་བཟང༌། ལེགས་གྲུབ། གསང་བ་སྤྱི་རྒྱུད་དེ་བྱ་སྤྱོད་རྒྱུད་ཆེན་བཞིའི་ལུང༌། རྗེ་ངོར་ཆེན་གྱི་བྱ་རྒྱུད་སྤྱི་དོན་གྱི་ལུང་སོགས་གསན། རྣལ་འབྱོར་རྒྱུད་ལ། ཀུན་མཁྱེན་གུང་རུའི་གཞན་ཕན་མཐའ་ཡས་ཟུར་འདེབས་ཟིན་བྲིས། ཡང་དེས་མཛད་པའི་ཟིན་བྲིས་མུན་སེལ་སྒྲོན་མེ་རྒྱས་བསྡུས། བསྟོད་པའི་ཕྱག་ཆེན་ངོར་ཆེན་གསུང་ལ་ཟིན་བྲིས་རྣམས་ཀྱི་ལུང༌། གཞན་ཕན་མཐའ་ཡས་ཀྱིི་རྣམ་བཤད་པཎ་ཆེན་ནམ་དབང་བའི་