R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༡༤
[A:༦༡༤]བཟློག་སྒྲུབ་འཕེན་མཛད་པ་དང་། རྒྱལ་ཟླའི་ཚེས་གཅིག་ཐོག་རྩེར་ལྷ་བསངས་རྒྱས་པ་དང་། དེ་གྲོལ་ནས་ཚོམས་ཆེན་ལོ་གསར་བཞུགས་གྲལ་རྒྱུན་བཞིན་གནང་བ་དང་། ཟླ་མཇུག་དུས་མདོས་ཟབ་མ་དང་། གནམ་གང་ལ་བསྐང་གསོ་བརྒྱ་ཚར་རྗེ་ཉིད་དགུང་གྲངས་ཉེར་ལྔར་ཕེབས་པར་ཆུ་ཡོས་རྟ་ཡོས་རྟ་ཟླའི་ཚེས་གཅིག་ལ་མགོན་པོ་མངའ་གསོལ་ལོ་གསར་བཞུགས་གྲལ་ཟབ་རྒྱས་བཅས། འཇམ་མགོན་ཀུན་བློའི་ཕྱག་དེབ་དང་མེ་སྟག་ལོ་ཡབ་རྗེ་སྐུ་མཆེད་ཀྱི་ལམ་བཞིན་མཛད་སྐད་དང་། ཁྲི་ཕེབས་དངོས་གཞི་རྟ་ཟླའི་གཟའ་ཚེས་དགེ་བར་ས་ཚོགས་སུ་གཞིས་བྱེས་དགེ་འདུན་རྣམས་ཚོགས་པ་དང་། གང་གི་གསུང་རྒྱང་གྲགས་སུ་ཐོས་པ་ཙམ་གྱི་སྲིད་པ་གསུམ་གྱི་སྡུག་བསྔལ་ལས་སྒྲོལ་བའི་ཆོས་དུང་ཡིད་བཞིན་ནོར་བུའི་གསུང་གི་བསྐུལ་མ་ཐག ཐིལ་པ་དང་ལྷོ་བྱང་ལས་སྣེ་རྣམས་ཟབ་ཕྱོགས་བཅས་དང་། གཞི་ཐོག་ཏུ་འོང་སྟེ་འཇམ་མགོན་ངག་དབང་རྡོ་རྗེ་རིན་ཆེན། འཇམ་དབྱངས་ཀུན་དགའ་ཐེག་ཆེན་དབང་སྡུད་བཀྲ་ཤིས་རིན་ཆེན། འཇམ་དབྱངས་གཞོན་ནུ་ཀུན་དགའ་བསོད་ནམས་ནི་འདི་སྐབས་དགུང་གྲངས་གཉིས་པ་ཡིན་འདུག་པས་སྲས་རྫིས་རྒྱབ་ཏུ་གདན་དྲངས་པ་ཡིན་ཚོད་བཅས། ན་བཟའ་སྔགས་ཆས་སྟེང་ཆོས་གོས་མེ་ལོང་མ། ས་ཞྭ་བཅས་གསོལ་ཏེ། ཕྱག་འདེགས་པ་དང་གདུགས་དཀར་ཁྱེར་མི་སྤོས་ཕོར་སོགས་དྲུང་འཁོར་རྣམས་ཀྱིས་བསྐོར་ཞིང་། ཕེབས་མཇུག་ཏུ་སྐུ་ངོ་ཁག་དང་མཁན་ཆེན་བན་ཚང་པ་སོགས་དང་བཅས་དེ་བཞིན་གཤེགས་པ་ཉན་ཐོས་དགེ་འདུན་དང་བཅས་པའི་འཁོར་གྱིས་བསྐོར་བའམ་ཉི་ཟླ་རྒྱུ་སྐར་