R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༡༥
[A:༦༡༥]གྱིས་བསྐོར་བ་བཞིན་དལ་བུས་ལྟག་སྒོ་ནས་རིམ་བཞིན་གཡས་བསྐོར་གྱིས་སེང་སྒོར་བརྒྱུད་ཤར་སྒོའི་ནང་དུ་གདུང་སྲས་བགྲེས་པས་ཞབས་གཡས་བཞག་པ་དང་། ཆོས་དུང་རིན་པོ་ཆེར་དུང་བཤད་བྱེད་པ་རྩེ་མཐུན་དགོས་པ་གོང་མའི་བླ་དུང་དུ་གྲགས་པ་སོགས་སྔོན་ལམ་བཞིན་མཛད་དེ། ཁྲི་ཆེན་གྱི་མདུན་ཐད་ཙམ་དུ་ཕྱག་གདན་ཕུལ་ལ་ཕྱག་འཚལ་གྲུབ་ནས། ནུབ་ཀྱི་སྒོ་ཆུང་བརྒྱུད་ཆོས་ཁྲི་མཁས་པ་ཟིལ་གནོན་གྱི་ཁར་བཞུགས་འཁོད་གྲུབ་ནས་ཆོས་སྤྱོད་མཚམས་བཞག་པ་དང་གསུང་རབ་ཞལ་འབྱེད་པ་བདུད་བཟློག་དང་བསྔོ་སྨོན་མདོར་བསྡུས་གྲུབ་ནས་འཇམ་མགོན་ངག་དབང་རྡོ་རྗེ་རིན་ཆེན་གྱིས་སེམས་བསྐྱེད་གསལ་འདེབས་པ་སྔར་ལམ་བཞིན་མཛད་དེ་འཇམ་དབྱངས་ས་སྐྱ་པཎྜིི་ཏས་གསུང་རབ་ཐུབ་པའི་དགོངས་པ་རབ་ཏུ་གསལ་བ་ཞེས་བྱ་བའི་དབུའི་མཆོད་བརྗོད་ནས་སྦྱིན་པའི་ཕར་ཕྱིན་ཡན་དང་། ཉིན་བར་མར་སྐུ་གསུམ་ཡེ་ཤེས་ཀྱི་རྣམ་བཞག་ཡན་ཆད། ཉིན་རྗེས་མར་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཡབ་རྗེ་རྡོ་རྗེ་འཆང་པདྨ་བདུད་འདུལ་དབང་ཕྱུག་མཆོག་ཀྱང་ལྷན་ཕེབས་ཀྱིས་ཆོས་ཁྲིའི་དབུས་སུ་བཞུགས་ཐོག་ངག་དབང་རྡོ་རྗེ་རིན་ཆེན་ཉིད་ནས་སེམས་བསྐྱེད་གསལ་འདེབས་པ་མཛད་པ་ནས་བཟུང་མཇུག་གི་སྦྱར་བྱང་བར་ཐུགས་ཐོག་ནས་ཧ་ཅང་མྱུར་ཆེས་པ་དང་ཧ་ཅང་དལ་བ་དང་ཚིག་སྒྲ་མི་དག་པ་དང་། གཅོད་མཚམས་ལོག་པ་ལ་སོགས་པ་ཆོས་འཆད་པའི་སྐྱོན་རྣམས་དང་བྲལ་བར་གསུངས་པས། དེ་འདུས་མཁས་རྨོངས་ཐམས་ཅད་ངོ་མཚར་དུ་གྱུར་རོ། །དེ་སྐབས་སུ་གཞུང་