R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༡༦
[A:༦༡༦]ས་ཆེན་པོ། བླ་བྲང་རྒྱལ་མཚན་མཐོན་པོ་བ་སོགས་སོ་སོའི་སྐུ་ཚབ་རྩེ་དྲུང་ཆེད་མངགས་ཀྱིས་མཎྜལ་རྟེན་གསུམ་འགྱོགས་དར་ནང་མཛོད་སོ་སོ་ནས་བཀའ་ཡིག་དང་བཅས་དངོས་པོ་གསེར་དངུལ་བཟང་གོས་དར་རས་ཀྱི་ཚན་གྲངས་སོགས་སྔོན་ལམ་བཞིན་སྤམ་མཐོ་བའི་གནང་སྐྱེས་དང་། གཞན་ཡང་སྐུ་བཞེངས་རིགས། སྡེ་དཔོན་ཁག་དང་། རང་ཁོངས་བླ་ཁག་ལྷ་མི་སྡེ་བཅས་ཕྱོགས་མཐའི་ས་དགོན་ཁག་བཅས་ནས་སྔར་ལམ་འཆར་འཕར་ལེགས་འབུལ་དངོས་སྐྱེས་ངལ་སོས་དབང་པོའི་གན་མཛོད་ལ་ཅོ་འདྲི་བ་ལྟ་བུ་བྱུང་བ་སོགས་ཡབ་རྗེ་རྡོ་རྗེ་འཆང་ནས་ཡོངས་སུ་བསྔོ་བའི་རྒྱས་འདེབས་པར་མཛད་པ་སྐབསའདིར་ལྷ་ཁང་ཁག་དང་། མགོན་ཁང་རྣམས་དང་བཅས་སྣ་ལྔའི་མཆོད་སྤྲིན་རྒྱ་ཆེ་བ་དང་མངའ་ཞབས་སོགས་མི་དམངས་གང་ཡོད་ལ་སྔར་ལམ་འབྲུ་འགྱེད་དགོས་པ་འདི་སྐབས་གཉེར་དཔོན་དགེ་འདུན་ཡར་འཕེལ་ཞེས་པས་ཤར་སྒོའི་ཕྱི་བཟོ་ཁང་མདུན་འབྲུ་སྤུང་ཧ་ཅང་ཁྱོན་ཆེ་བའི་ཁར་གཉེར་དཔོན་ལས་བཅས་གདན་བརྒྱབ་སྟེ། བསྡད་ཐོག་བཤམས་ནས་ཚོགས་པ་དང་། མི་མང་ཁྲི་ཕྲག་ཏུ་ལོངས་པར་འབྲུ་ཇི་ཙམ་བརྒྱབ་ཀྱང་། གཉེར་ལས་རྣམས་ཀྱི་གདན་ལ་ཐོ་རེག་གང་ཡང་མ་བྱུང་བ་འཕྲོ་ལྷག་འབོར་ཆེན་བསྡུ་རྒྱུ་བྱུང་ཚུལ། དེ་སྐབས་ཀྱི་བགྲེས་པོ་རྣམས་ཀྱི་གསུང་རྒྱུན་ལས་བྱུང་བ་ལྟར་དང་། དེ་ནས་ཡབ་རྗེ་མཆོག་དང་མཁན་ཆེན་དཔོན་སློབ་བན་ཚང་པ་བཅས་ཆོས་ཁྲིའི་མདུན་དུ་བཞེངས་ཏེ་མཎྜལ་རྟེན་གསུམ་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་གྱི་བཤད་པ་དང་ཞབས་བརྟན་ཤིས་བརྗོད། གཙོ་ཐབས་