R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༡༨
[A:༦༡༨]ཕུལ་ཐོག་རྩེ་ཤོད་སོ་སོ་ནས་གསོལ་སྟོན་དང་བཞུགས་མཚེར་དུ་སྔ་བར་ཕྱི་གསུམ་གྱི་ཟུང་ཆས་རྒྱ་ཆེ་བ་དང་དེ་ནས་རིང་མིན་ཐོན་ཕྱག་ཐོག་མཇལ་སློག་ཐོན་གནང་དང་། ཐབ་སྐྱེལ་ཇ་ཞུས་མཚམས་དར་ཕེབས་སྐྱེས་བཅས་གསོལ་བསྩལ་རྣམས་དང་བཅས་པ་ཉེ་དུས་ཆུ་ལུག་ལམ་ཇི་ལྟ་བ་བཞིན་ཡིན་འདུག་ཅིང་། ལྷ་ལྡན་དུ་ཇོ་ཤཱཀ་རྣམ་གཉིས་དང་རྩེ་པོ་ཏ་ལ་བཅས་པར་མཆོད་འབུལ་གནས་གཟིགས་སོགས་མཛད། གཞུང་སའི་ཞབས་བརྟན་སོགས་ཐོན་པ་གཞིར་གྲུབ་ཀྱང་འདི་ནང་མ་གསལ་བ་ནས་ལྷོ་གནས་བརྒྱུད་གདན་སར་ཕེབས་ཅིང་འདི་སྐབས་ཙམ་ལ་མདོ་སྨད་ཕྱོགས་ནས་ཀུན་གཟིགས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་མཆོག་དང་། དཔལ་རྒྱུན་གྱི་དབང་པོའི་ཆོས་གྲྭ་ནས་གཟིམ་འོག་སྤྲུལ་སྐུ་བསྟན་འཛིན་སྙན་གྲགས། ཞྭ་ལུ་རི་ཕུག་བསྟན་སྐྱོང་། སྡེ་དགེ་ས་དབང་བླ་མ་ཀུན་དགའ་སངས་རྒྱས། སྡེ་དགེ་བླ་མ་ངག་དབང་རིན་ཆེན་སོགས་མཁས་གྲུབ་ཆེན་པོ་དེ་རྣམས་སྔ་ཕྱིར་གདན་ས་འདི་ཉིད་དུ་ཕེབས་སྐབས་ཡིན་འདུག་པར། ཡབ་རྗེ་སྐུ་མཆེད་དང་ཁྱད་པར་རྗེ་འདི་བཅས་པར་དབང་ཁྲིད་བྱིན་རླབས་རྗེས་གནང་ལུང་བཅས་རབ་ཏུ་མང་བ་གསན་ཚོད་ཀྱི་ད་ལྟ་སྒྲུབ་བཏུས་སོགས་ཀྱི་བརྒྱུད་ཡིག་རྣམས་སུ་འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན་དེས་བདག་ལའང་གསུངས་པ་མང་དུ་གནང་བ་སོགས་ཕལ་ཆེར་འདི་སྐབས་ཡིན་ཚོད་དང་། སྔ་ཕྱི་ལམ་འབྲས་ཐེངས་མང་དུ་གནང་ཐོག་བདག་གི་བླ་མ་རྗེ་བཙུན་གྲུབ་པའི་དབང་མོ་སྐལ་བཟང་ཆོས་ཀྱི་ཉི་མས་ཀྱང་ལམ་འབྲས་ཚོགས་བཤད་འདི་སྐབས་གསན་