R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༢༠
[A:༦༢༠]ཆེ་ཕྲ་ཀུན་གྱིས་བཤོལ་འདེབས་ཇི་ལྟ་ཞུས་ཀྱང་མ་གསན་པར་ཀོང་པོའི་ངོས་སུ་ཕེབས་ཏེ། གདུལ་བྱ་རྣམས་བསོད་ནམས་དམན་པས་པདྨ་བཀོད་ཆུང་བྱ་བར་ཕེབས་རྩིས་ལ་ཕེབས་མ་ཐུབ་པར་གནས་དེར་སྔར་མེད་ཀྱི་བྲག་གཡང་ཀོ་ཐག་གི་སྐས་ཅན་དང་གཏེར་གྱི་ལྡེ་མིག་ཡིན་ཚུལ་བྲག་རྡོ་རྗེའི་བྱ་ཁྱུང་འདྲ་བ་ནུབ་ཤུལ་སོགས་ད་ལྟ་ཡང་མཇལ་རྒྱུ་ཡོད་སྐད་དང་། དེ་སྐབས་སུ་ལའང་རྒྱུས་མེད་ཀྱི་བྲག་ལམ་རྣམས་སུ་ཕེབས་སྐབས་ཉིད་ཀྱི་ཉེར་དཔྱད་ཤངས་རྒྱུ་སྐྱ་ལེབ་ཞིག་ཡོད་པ་གར་ཕེབས་ཀྱི་སྔོན་བྲག་ཕུག་སོགས་ཀྱི་ནང་དུ་སླེབས་ཡོང་ཚུལ་ཀྱང་ཟེར། གྲུབ་དབང་འདི་ཉིད་སྔོན་གྱི་གཏེར་ལུང་དུ་མར་མཚན་ཟུར་ཙམ་གསལ་བ་བྱུང་བ་ལ་དཔག་ན་ཟབ་གཏེར་མང་བར་བཞེས་རྒྱུ་ཡོད་ངེས་ཀྱང་ཅུང་ཟད་རྟེན་འབྲེལ་འཆུག་རྐྱེན་ལྟ་བུར་སོང་ཞིང་། དེ་སྔ་རྗེ་འདི་ཉིད་རབ་བྱུང་ཡིན་ཀྱང་། དེ་སྐབས་ལུང་གསལ་ལྟ་བུ་ཡིན་ཤག་ལ་གཟུང་མ་རྣམ་སྲས་སྒྲོལ་མ་ཁབ་ཏུ་བཞེས་ཏེ། དགེ་བསྙེན་རྡོ་རྗེ་འཛིན་པའི་ཚུལ་གྱིས་འདིར་ཕེབས་ཀྱིས་ཕུན་གླིང་དུ་བཞུགས་ཏེ། འཁྲུལ་ཞིག་གི་སྤྱོད་པ་བསྐྱངས་ཤིང་དབང་ལུང་འཆད་སྤེལ་ཐོ་ཙམ་གནང་ཞིང་ཚོགས་ཕེབས་སོགས་ལ་རྒྱ་ཆེར་ཕེབས་སྐད་མེད་འདུག་པ་དང་། དྭགས་ཀོང་མིན་པའི་གཞན་ཡང་ལྷོ་རོང་ཁུལ་འགོ་ཡུལ་སྟོད་སོགས་ཕྱོགས་ཕེབས་ལན་ཁ་རེ་སོགས་ཕེབས་པར་སྤ་གྲོ་སྟག་ཚང་དུ་ཕུར་བཟློག་ཞིག་མཛད་སྐབས་གཏོར་ཆེན་ཁྲག་རློན་ལྟར་ཉེར་ཞིང་ཟོར་འཕེན་སྐབས་མདའ་ཟོར་ཤིན་ཏུ་སྲ་བས་བྲག་ལ་ཟུག་པ་དང་། འགྲིག་གི་མཚོ་མོ་གྲེས་དུང་དུ་གཏེར་བུམ་སྦ་བ་དང་