R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༢༡
[A:༦༢༡]ཁྲུས་གསོལ་རབ་གནས་མཛད་པའི་མོད་ལ་མཚོ་ཁ་ལུད་ཅིང་མདོག་ཟངས་སུ་བསྒྱུར་ཚུལ་སོགས་སྔ་ཕྱི་གྲུབ་མཚན་ཀྱང་ཅི་རིགས་སྟོན་པར་མཛད་ནས་དགུང་གྲངས་ཞེ་དགུ་པ་མེ་ཡོས་ཆུ་སྟོད་ཟླ་བའི་ཚེས་བཅུ་བདུན་གྱི་ཐོ་རངས་མཁའ་འགྲོའི་ཚོགས་དཔོན་དུ་ཞི་བར་གཤེགས་པའི་ཚུལ་བསྟན་ཅིང་དགོངས་རྫོགས་ཞབས་རྗེས་རྣམས་ཕུན་གླིང་བླ་བྲང་ནས་བསྒྲུབས་ཏེ། ད་ལྟར་བརྩེ་ཆེན་ལྷ་ཁང་དུ་བཞུགས་པའི་དངུལ་གདུང་གདན་ཁྲི་དང་རྒྱན་སྤྲོས་གསེར་ཟངས་རིན་ཆེན་དུ་མའི་ཕྲ་རྒྱན་གྱིས་ཕྱུག་པ་འདིའི་ནང་ཞུགས་དམ་པ་གང་ཉིད་ཀྱི་སྤུ་རུས་ཀྱི་གདུང་ཚྭ་ལས་རྩ་གསུམ་རྒྱ་མཚོའི་སྣང་བརྙན་ཇི་སྙེད་ཀྱིས་མཚོན། རིང་བསྲེལ་རྣམ་བཞིས་ཕྱུར་བུར་གཏམས་པ་མཆོད་ཚོགས་དང་བཅས་པར་བདག་ཆེན་ཀུན་དགའ་བསོད་ནམས་ཆོག་གྲྭ་དང་བཅས་ནས། རབ་གནས་རྒྱས་པར་བསྩལ་བ་འདི་དང་ལོ་དུས་ཀྱི་མཆོད་པར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་ལྷོ་བྱང་འདུས་སྤྱིར་དུས་ཆེན་ཐོག་སྔར་ལམ་བཞེས་ཐུག་མང་ཇ་ཞབས་སྐོར་བཅས། དེ་སྐབས་སུ་དགོས་པའི་རྒྱལ་མཚན་འཕན་གདུགས་སོགས་གོས་རྙིང་འབའ་ཞིག་ལས་གསར་བསྐྲུན་བདུན་ཚན་རེ་ལ་སོགས་པ་གཏོང་རྟེན་སྒོ་རུམ་ཏང་ཀ་བཅས་ཀྱི་ས་ཞིང་རུ་ཁག་སོགས། ལྷ་སྤྱིར་སྦྱོར་འཇགས་ཀྱི་དེང་སྐབས་ཀྱང་ཉམས་མེད་གཏོང་བཞིན་པ་འདི་རྣམས་དང་གཞན་ཡང་རབ་སྟོན་སོགས་ལ་འགྲེམ་པའི་གོས་སྐུ་གཡུལ་ཐང་བརྒྱ་རྩ་དང་དབྱར་སྟོང་ཚོགས་གུར་སོགས་ལ་ཉམས་གསོ་མང་བར་སྐྱབས་མཆོག་དེ་ཉིད་ཀྱི་གཟུང་མ་