[A:༥༧]གསུང་ལ། རྗེས་ཆོས་དབང༌། ཞེ་དགོན་པ་ཆོས་རྒྱལ་མཚན་གཉིས་ཀྱིས་ཟིན་བྲིས་སུ་མཛད་པའི་རྣམ་བཤད་དཔག་བསམ་ལྗོན་པ། ཨ་མེས་ཞབས་ཀྱི་ཡོ་ག་ཆོས་འབྱུང་བསྟན་པའི་སྒོ་འབྱེད། ཀུན་བཀྲས་ཀྱི་ཀུན་རིག་བརྒྱུད་འདེབས་རྣམས་ཀྱི་ལུང༌། བླ་མེད་ཕ་རྒྱུད་ལ་གསང་འདུས་རྒྱ་གཞུང་མདོར་བྱས། མདོ་སྲེས། དཀྱིལ་ཆོག་ཉི་ཤུ་བ། ཟུང་འཇུག་གསལ་བ། སྤྱོད་བསྡུས་སྒྲོན་མེ། འགྲེལ་པ་དོན་གསལ་རྣམས་ཀྱི་ལུང༌། བུ་སྟོན་གྱི་གསང་འདུས་རྒྱུད་འགྲེལ་གསང་བའི་སྒོ་འབྱེད། གཞན་ཡང་ངོར་ཆེན་ཡབ་སྲས་ཀུན་མཁྱེན་རིན་པོ་ཆེ་སོགས་ཀྱིས་མཛད་པའི་གསང་བ་འདུས་པའི་སྐོར་གྱི་ལུང་སོགས་གསན། རྒྱུད་སྡེ་གོང་འོག་སྣ་ཚོགས་ཀྱི་སྒྲུབ་ཐབས་མང་པོ་ཡར་ལུང་གྲགས་རྒྱལ་ཀྱིས་ཕྱོགས་ཅིག་ཏུ་བསྡུས་པ་སྒྲུབ་ཐབས་ཕྱེད་དང་ཉིས་བརྒྱའམ། སྒྲུབ་ཐབས་རྒྱ་མཚོར་གྲགས་པ་ཐར་པཎ་ཡིག་སྟེང་ནས་རྗེས་གནང་བརྒྱ་དང་སུམ་ཅུ་རྩ་བརྒྱད་དང༌། རྒྱ་གཞུང་སྒྲུབ་ཐབས་ཉིས་བརྒྱ་ཞེ་ལྔའི་ལུང༌། ནམ་དཔལ་གྱིས་མཛད་པའི་དོན་འགྲེལ་ལྗོན་ཤིང་རིན་ཆེན་སྙེ་མའི་ལུང༌། བ་རི་བརྒྱ་རྩའམ། སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང་གོང་ཡབ་རྗེར་གསན་པའི་རྒྱ་གཞུང་སྒྲུབ་ཐབས་གོ་གཉིས་ཀྱི་ལུང༌། ཕྲེང་བ་སྐོར་གསུམ་གྱི་རྒྱ་གཞུང་གི་ལུང་བཅས་གསན། ཕ་རྒྱུད་ཞེ་སྡང་ཅན་གཙོ་བོར་འདུལ་བ་གཤེད་སྐོར་ལ། ངོར་ཆེན་གྱི་སྒྲུབ་དཀྱིལ་དཀོན་ལྷུན་ལྷན་ཐབས། ཐར་པཎ་གྱི་མཚམས་སྦྱོར་ཅན་གྱི་སྟེང་ནས་བཀའ་བབས་གསུམ་ལྡན་གཤེད་དམར་ལྷ་ལྔའི་དབང་ཆེན། རྫོགས་རིམ་ཤིན་ཏུ་སྤྲོས་མེད་ཀྱི་