R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༣༠
[A:༦༣༠]དག་སྣང་དུ་མའི་ངང་ནས་མྱ་ངན་ལས་འདས་པའི་ཚུལ་བསྟན། དགོངས་རྫོགས་ཞབས་འཇུག་རྣམས་ནི་ཕུན་བདེ་དང་འཕགས་བདག་ཕུན་ཕོ་བཅས་ནས་སྒྲུབ་སྐུ་སྤུར་དང་སྤུ་རུས་ཕེབས་བསུ་སྐྱེལ་སོགས་ལ་མཆོད་ཕྲེང་སོགས་གདུང་རྒྱུད་བཞིན་མཛད་ཅིང་། ཞལ་བཞུགས་དུས་ཀྱང་རྗེ་བཙུན་གཞན་པར་སྔར་སྲོལ་མེད་ཀྱང་། འདི་ཉིད་གདུང་རྒྱུད་རྣམས་ཀྱི་དབུ་བླར་གྱུར་པ་སོགས་ལ་དགོངས་ཏེ་གདུགས་དང་རྒྱ་གླིང་སོགས་སྐུ་གདུང་དང་འདྲ་བ་བསྣམས་ཆོག་པར་མཛད་དོ། །ནང་རྟེན་ནཱ་རོ་མཁའ་སྤྱོད་མའི་དངུལ་སྐུ་ད་ལྟ་ལྷ་ཆེན་ཨོ་རྒྱན་ལྷ་ཁང་དུ་བཞུགས་པ་འདིའོ། ཡུམ་ཉི་ཟླ་དབང་མོའི་སྲས་གཉིས་པ་རྗེ་བཙུན་སྐལ་བཟང་བསྟན་འཛིན་དབང་མོ་ནི་བཀྲས་བརྩེགས་བླ་བྲང་དུ་བཞུགས་ཤིང་གདུང་རྒྱུད་གཅུང་པོ་ཕྱོགས་ཀྱི་གླང་པོའི་གདུང་རྟེན་བཞེངས་པར་མདོ་སྨད་གླང་ནག་དགོན་དུ་ཕེབས་པར་མཛད་པ་དེ་ཉིད་ཡིན་ནོ། ། ༢ ངག་དབང་ཀུན་དགའ་བསོད་ནམས། ཡུམ་མཆོག་ཉི་ཟླ་དབང་མོའི་རིགས་སྲས་གསུམ་པ་ནི། ཡབ་རྗེ་ངག་དབང་ཀུན་དགའི་མཚན་དགུང་གྲངས་ཞེ་དགུར་ཕེབས་པ་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་ལོའི་འགོ་ཟླའི་ཚེས་བཅུ་གཉིས་ལ་ངག་དབང་ཀུན་དགའ་བསོད་ནམས་བལྟམས་པ། ཡབ་རྗེ་སྐུ་མཆེད་སོགས་ནས་འཇམ་མགོན་ཨ་མེས་ཞབས་ཀྱི་རྣམ་འཕྲུལ་དུ་ངོས་འཛིན་མཛད་ཅིང། ཚེ་དཔག་ལྷ་དགུ་དབང་དང་