R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༣༡
[A:༦༣༡]འཁྲུངས་བསངས་འཁྲུངས་སྟོན་བཅས་རྒྱས་པར་མཛད་པ་དང་། གཞོན་ནུ་ཉིད་ནས་གནས་ཀྱི་སློབ་དཔོན་དྲུང་ཀློག་ཡིག་སོགས་དང་། རིང་མིན་སྔོན་ལམ་བཞིན་རྩ་རྒྱུད་བརྟག་གཉིས། རྡོ་རྗེ་ཕུར་པ། ཀྱཻ་བདག་རྣལ་འབྱོར་གསུམ། གསང་བདེ་འཇིགས་གསུམ་ཆོས་སྐྱོང་གུར་ཞལ་དང་བཅས་པའི་གཏོར་བསྐང་སོགས་ཐུགས་མཚོར་བཟུང་སྟེ། བདག་ཁྲི་ངག་དབང་རྡོ་རྗེ་རིན་ཆེན་སོགས་དང་། ཆོས་བྱང་ལས་ཚན་རྣམས་དང་བཅས་པའི་དབུས་སུ་རེ་རེ་བཞིན་རྒྱུགས་འབུལ་མཛད་དེ། ཚོགས་དབུ་སོ་སོར་ཕེབས་ཤིང་དེ་ནས་འབྱུང་པོ་འདུལ་བྱེད་དང་དགེས་མཛད་རྡོ་རྗེ། རྡོ་རྗེ་ཕུར་པ། གུར་མགོན་སོགས་ཀྱི་གཞི་བསྙེན་སྔ་ཕྱིར་མཐར་ཕྱིན་པར་མཛད་པའི་བར་སྐབས་རྣམས་སུ། རྡོ་རྗེ་ཕུར་པ་གུར་ཞལ་རྣམས་ཀྱི་གཏོར་བཟློག་བསྐང་བ་འགོ་ལུགས་བསྟོད་རྙིང་སོགས་རྒྱུགས་སྤྲོད་སྔ་ལྟར་མཛད་ནས། ཕུར་སྒྲུབ་ཆེན་མོའི་ཚོགས་དབུས་སུ་གསུང་བཤད་དང་གུར་མགོན་ཁྲོ་བཅུ་དྲུག་ཅུ་མ་སྐུ་རིམ་ཆེན་མོ་མགོན་མདོས་ཟབ་མ་དུས་མཆོད་འདུས་སྡེ་ཟབ་མའི་ཙི་དམར་གཏོར་བཟློག་རྣམས་ཀྱི་ཟོར་འཛིན་དང་། དེ་ནས་མགོན་པོ་ཞལ་གྱི་སྒྲུབ་བསྙེན་སྔོན་འགྲོའི་དངོས་གཞི་གཏོར་མདོས་ཟུང་འབྲེལ་རྒྱལ་ཆེན་བསེ་ཁྲབ་པ་ཕུན་ཕོ་དང་བསམ་བརླིང་དུ་དམག་ཟོར་གཏོར་བཟློག་རྣམས་སྒྲུབ་འཕེན་མཛད་ངོས། ལྷ་མོ་རྗེ་ཁོལ་ཟུང་གི་མཆོད་འདུས་སྒྲུབ་འབུལ་གཉན་མགོན་དམ་ཚིག་བསྐང་གསོ་རྣམས་སྔོན་སྲོལ་ཉམས་མེད་ཀྱི་རྡོ་རྗེ་སློབ་དཔོན་མཐར་ཕྱིན། དེ་ནས་ཕུར་སྒྲུབ་དང་དུས་མདོས་ཀྱི་ཚོགས་དཔོན་རྡོར་སློབ་འགན་བཞེས་མཛད་ཅེས་