R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༣༢
[A:༦༣༢]གྲགས་ཤིང་། བར་སྐབས་རྣམས་སུ་ཡབ་རྗེ་པདྨ་བདུད་འདུལ་དབང་ཕྱུག་ལས་གསུང་ངག་རིནཔོ་ཆེའི་ཚོགས་བཤད་སྨིན་གྲོལ་རྒྱབ་ཆོས་དང་བཅས་པ། གཞན་ཡང་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་། གྲུབ་བརྒྱའི་བྱིན་རླབས་རྗེས་གནང་ཟུར་བཀའི་རིགས་དང་བསྟན་སྲུང་རྣམས་ཀྱི་རྗེས་གནང་། ཚེ་རྟ་ཟུང་འབྲེལ་སོགས་ཚེ་དབང་རིགས་མང་དུ་གསན་པ་དང་། ཡབ་རྗེ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་རིན་ཆེན་ལས། རྡོ་རྗེ་ཕུར་པའི་སྟོད་ལས་བྱང་ཆུབ་སྒྲུབ་དབང་དང་སྨད་ལས་དྲག་པོ་སྒྲོལ་དབང་གུར་དྲག་རྟ་ཕྱག་ཁྱུང་གསུམ་བྱད་གྲོལ་ལྕགས་སྡོང་མ་དང་གྲུབ་རྒྱལ་མའི་ཚེ་དབང་སོགས་གསན། བདག་ཆེན་བཀྲ་ཤིས་རིན་ཆེན་ལས་རྟ་མགྲིན་ཡང་གསང་དབང་སོགས་མང་དུ་གསན། རྗེ་བཙུན་རྟ་མགྲིན་དབང་མོ་སྐལ་བཟང་ཆོས་ཀྱི་ཉི་མ་ལས་རྭ་ལུགས་འཇིགས་བྱེད་ལྷ་བཅུ་གསུམ་སྨིན་གྲོལ་རྭ་པོད་རྣམས་ཀྱི་ལུང་བཅས་དང་། ཀྱཻ་རྡོར་བཀའ་བབས་བཞི། མགོན་པོ་བཀའ་བབས་བཞི། གསེར་ཆོས་བཅུ་གསུམ། མཁའ་སྤྱོད་སྐོར་གསུམ་སྨིན་གྲོལ་ཡོངས་རྫོགས་གུར་མགོན་གྱི་ཆོས་སྐོར་ཡོངས་རྫོགས། ནི་གུའི་ཆོས་དྲུག་དང་སེང་གདོང་ཉེར་ལྔའི་སྐོར་ཡོངས་རྫོགས། ཟུར་བཀའི་རྗེས་གནང་མང་བ། བེག་རྩེ་དུར་བདག་སྐོར་ཚང་མ། བདེ་མཆོག་ལུ་ནག་གསང་འདུས་རིགས་གསུམ། སྦྱོང་དཀྱིལ་བཅུ་གཉིས་ཀྱི་དབང་སོགས་གསན། དེ་སྐབས་ལམ་འབྲས་སློབ་བཤད་དང་སྤྱི་བཀའ་རྡོ་རྗེ་འཕྲེང་བའི་དབང་ཆེན་ཞེ་ལྔ། དམར་པོ་སྐོར་གསུམ་བེའུ་བུམ་ལུང་སོགས་དཀོན་པ་བདག་ཆེན་མཆོག་ནས་རྗེ་བཙུན་རྟ་མགྲིན་དབང་མོ་ཉིད་ཁམས་