R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༨
[A:༥༨]ཉམས་ཁྲིད། བིརྺ་པས་མཛད་པའི་རྒྱ་གཞུང་རྣམས་དང་། གློ་བོ་ལོ་ཙཱ་བའི་ཁྲིད་ཡིག སྤྲོས་མེད་རྣལ་འབྱོར། རྣམ་རྟོག་འོད་གསལ་གྱི་ཁྲིད་ཡིག་སེམས་བསྐྱེད་ཐབས། ངོར་ཆེན་གྱི་སྤྲོས་མེད་མཛེས་རྒྱན། དཀོན་ལྷུན་གྱི་རྒྱུད་འདེབས། རྒྱུན་འཁྱེར་ཀུན་མཁྱེན་གྱི་ཉམས་ལེན། གཤེད་དམར་རྒྱུད་ལེའུ་བཅུ་དགུ་པ་རྣམས་ཀྱི་ལུང༌། རྭ་ལོའི་མངོན་རྟོགས་དབང་ཆུ། ཚར་ཆེན་གྱི་ལྷན་ཐབས། མཁྱེན་བརྩེ་དབང་ཕྱུག་ངག་འདོན་ནག་འགྲོས། དགོན་གསར་བའི་དབང་གི་མཚམས་སྦྱོར་རྣམས་ལ་བརྟེན་ནས་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་གྱི་དབང༌། གནས་གསར་བ་མཁྱེན་བརྩེའི་ཁྲིད་ཡིག་དང༌། དབང་རབ་ཀྱི་སྔོན་འགྲོའི་ལོ་རྒྱུས་སྦྱར་བ་དང་བཅས་ཏེ། རྭ་ཁྲིད་མཁའ་འགྲོ་སྙན་བརྒྱུད་ཀྱི་ཉམས་ཁྲིད། ལོ་ཙཱ་བ་མ་ཎི་ཀ་ཤྲི་ཛྙཱ་ནའི་ཡིག་སྟེང་ནས་འཇིགས་བྱེད་རྣལ་འབྱོར་བཞི་རིམ་གྱི་ཉམས་ཁྲིད། མཁྱེན་བརྩེ་ཡིག་སྟེང་ནས་འཇིགས་བྱེད་དཔའ་གཅིག་རྗེས་གནང༌། རྗེ་ཤར་ཁང་པའི་ཡིག་སྟེང་ནས་དུག་དབང་རྨ་བྱ་དགྱེས་པ། དཀོན་ལྷུན་ཡིག་སྟེང་ནས་དམ་ཅན་ཆོས་རྒྱལ་ལྷ་བཅུ་གསུམ། ཚར་ཆེན་ཡབ་སྲས་ཡིག་སྟེང་ནས་ལས་གཤིན་དཔའ་གཅིག་བསེ་བྱ་བཞི་སྐོར། ཁྲག་མདོག་ཡབ་ཡུམ་སྟེ་རིགས་གསུམ་གྱི་རྗེས་གནང༌། རྭ་པོད་དཀར་ཆག་གི་ཟིན་པ་དང༌། མ་ཟིན་པའི་སྐོར། དཔལ་འཛིན་པོད་བཅས་ཀྱི་ལུང་གསན། མ་རྒྱུད་སྐོར་ལ། གྲུབ་ཆེན་ལོ་ཧི་པའི་ལུགས་ཀྱི་འཁོར་ལོ་བདེ་མཆོག་མངོན་རྟོགས་སོགས་སྨད་ལྔར་གྲགས་པའི་རྒྱ་གཞུང༌། གྲུབ་ཆེན་དེ་ཉིད་ཀྱིས་མཛད་པ།