R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༣༤
[A:༦༣༤]བྱང་ཆུབ་སེམས་དཔའ་ནི་བདག་ཆེན་བཀྲ་ཤིས་རིན་ཆེན་དགུང་སྙིང་སྤྲེལ་ཡིན་པ་རིང་མིན་ཞིང་བརྗེ་བ། སྐྱབས་མཆོག་འདི་བཞིན་སྟག་ཡིན་པས་སྟག་གི་ལོ་ནང་བདག་ཁྲི་མཛད་པའི་ལུང་བསྟན་གསལ་པོར་གནང་། འདི་སྐབས་ཞབས་འབྲིང་པ་སོགས་ནས་ཇི་བཞིན་མ་རྟོགས་པ་ཤིང་གི་སྟག་མགོའི་རྒྱལ་མཚན་ཞིག་གཞི་ཐོག་གི་རྩེར་བཙུགས་པ་ད་ལྟ་ཡང་སྣང་བ་བཅས། དེ་ནས་ཤིང་གླང་སྨིན་ཟླའི་ཉེར་གཅིག་ལ་བདག་ཁྲི་བཀྲ་ཤིས་རིན་ཆེན་དགོངས་པ་རྫོགས་པར་བརྟེན་འདིའི་མཁན་མཛད་སོགས་ནས་རྒྱལ་ཁབ་ཏུ་སྙན་འབུལ་གྱིས་སྐྱབས་མཆོག་འདི་ཉིད་ཁོ་ན་སྐུ་བགྲེས་པས་འོས་ཕུལ་གྱི་བཀའ་ལན་འཁོར་མཚམས་འཇམ་དབྱངས་ས་པཎ་གྱི་ཆོས་ཁྲིར་སྔོན་དུ་ཁྲི་འདོན་གྲུབ་པས། འགྲོ་མགོན་ཆོས་རྒྱལ་འཕགས་པ་རིན་པོ་ཆེའི་བཞུགས་ཁྲིར་ཕེབས་རྒྱུའི་སྔོན་ལམ་མདོས་ཆེན་ཟབ་ཆུང་ཞེས་པ་པུ་ཏྲ་དགུ་ཚན་ལྔ་དང་རུ་འདྲེན་རྣམས་སོ་སོར་ཉེར་ལྔ་རེ། གཞན་ཕལ་ཆེར་ཟབ་ཆེན་གཞིར་བཞག་མཛད་སྐད་དང་། དེ་ནས་སྐྱབས་མཆོག་དེ་ཉིད་དགུང་གྲངས་ཉེར་ལྔར་ཕེབས་པ་ཟད་པ་ཞེས་པ་མེ་ཕོ་སྟག་གི་ལོའི་གཟའ་ཚེས་དགེ་བར་ཚོམས་དམར་གྱི་བཞུགས་ཁྲིར་མངའ་གསོལ་ཏེ། ས་གཞུང་བླ་ཁག་ལྷ་སྡེ་མི་སྡེ་བཅས་ཀྱི་མཇལ་དར་སྔར་ལམ་བཞིན་བསྟར་ཐོགས། ས་གཞུང་ནས་གསོལ་སྟོན་དང་དྲུང་འཁོར་དང་མི་སེར་གྱི་སྐོར་གཞས་ཉེ་འཁོར་ཚོ་བཞིའི་གཟིགས་འབུལ་སོགས་རིམ་པར་ཞུས་ཤིང་། དེ་ནས་རིང་མིན་ལྕགས་ལུག་ལོ་མཇུག་རྒྱལ་ཁབ་ཏུ་ཁྲི་མཇལ་དུ་བདག་ཁྲི་ཉིད་དང་ཡུམ་མཆོག་གདུང་སྲས་བཅས་