R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༣༥
[A:༦༣༥]ཕེབས་པར་འདི་ག་ནས་མཛད་སྒོ་དང༌། རྒྱལ་ཁབ་ནས་གནང་སྒོ་ཕལ་ཆེར་ས་སྤྲེལ་ལོར་བདག་ཆེན་བཀྲ་ཤིས་རིན་ཆེན་གྱི་ཕེབས་ལམ་ལྟར་ཡིན་འདུག་ཅིང༌། ལྷ་ལྡན་དུ་བཞུགས་ཚེ་བཞི་སྡེ་བླ་བྲང་དུ་མཛད་ཅིང་གནས་ཤན་དུ་རྩེ་དྲུང་ཆང་ཁྱིམ་པ་དང་ཤོད་དྲུང་གྲ་ཕྱི་སྨོན་གྲུབ་པ་བཅས། དེ་ནས་རིམ་བཞིན་གོང་ས་རྒྱལ་དབང་བློ་བཟང་འཕྲིན་ལས་རྒྱ་མཚོ་དང་སྲིད་སྐྱོང་སྡེ་དྲུག་ཧོ་ཐོག་ཐུ་བློ་བཟང་མཁྱེན་རབ་དབང་ཕྱུག་ཟུང་གིས་མཇལ་ཕྱག་སོགས་མཛད་དེ། ཇོ་ཤཱཀ་རྣམ་གཉིས་གྲུ་འཛིན་ཕོ་བྲང་གཉིས་པའི་གནས་གཟིགས་མཆོད་སྤྲིན་བཅས་མཛད་ཐོག་དེ་སྔ་ལྷ་ལྡན་རྒྱལ་ཁབ་ནང་ཁུལ་དུ་དར་ཧན་མཁན་པོ་དང་ཏྲེའུ་དགེ་བསྐོས་ཚ་བ་ཨ་བརྟན་སོགས་འབྲས་གྲྭ་འགའ་ཞིག་དང་བཅས་ནང་དུ་ངན་བཤམ་ལམ་དུ་མ་སོང་བ་རྒྱལ་ཁྲིམས་དྲག་པོས་ཚར་གཅོད་གྲུབ་མ་ཐག་ཏུ་སོང་གཤིས། སླར་དེ་རིགས་ཀྱི་དམ་སྲི་འགོང་པོའི་འཚེ་བ་ཞི་ཕྱིར། འགོང་པོ་ཨར་གཏད་སོགས་ཞབས་བརྟན་མང་དུ་གནང་དགོས་བཀའ་བསྒྱུར་ཕེབས་ཏེ་བཞི་སྡེ་བླ་བྲང་དུ་འགོང་པོའི་མནན་ཟོར་སྒྲུབ་སྐབས་སྲོད་དུས་ཉེ་འཁོར་དུ་ངུ་འབོད་ཀྱི་སྒྲ་འབྱིན་ཞིང་ཞབས་སྒྲུབ་ཁང་དུ་དངོས་སུ་རྡུང་མཁན་མེད་ཀྱང་རྔ་དི་རི་རིར་བརྡུངས་པ་སོགས་དོན་དུ་འགོང་པོ་དངོས་ཁུག་གི་རྟགས་དང་ཆོ་འཕྲུལ་སྣ་ཚོགས་དང༌། དངོས་གཞི་མནན་པའི་འགུགས་གཞུག་སྐབས་ཕྱོགས་བཅུ་ནས་ཐལ་རླུང་འཚུབ་སྟེ་མནན་དོང་ནང་དུ་འགྲོ་བ་དེ་ཡོད་ཚང་མས་མཐོང་བ་དང༌། ཟོར་འཕེན་སྐབས་དྲག་ཆས་ཀྱིས་སྐུ་རྔམ་ཞིང་བརྗིད་པ་དེ་ཉིད་སོག་ཕོན་མེ་རླུང་འཁྱིལ་བའི་དབུས་སུ་སྲིབ་ཙམ་