R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༣༦
[A:༦༣༦]བཞུགས་པ་དེ་དུས་ཚང་མས་མཐོང་ཚོད་ཀྱིས་ས་སྐྱ་བདག་ཆེན་གྱི་ཞེད་དྲག་ལ་ཟེར་ཀུན་ཀྱང་ཧ་ལས་པ་བྱུང་འདུག་པ་སོགས། དེ་སྐབས་རྒྱལ་བློན་ནས་ཀྱང་སྤེལ་ལེགས་གཞིས་འདི་ཡོངས་འབབ་བཅས། གཞུང་ཞབས་སུ་ལོ་ལྟར་རྒྱལ་ཆེན་རྣམ་སྲས་ཞི་དྲག་གི་བསྙེན་པ་དྲག་པོའི་གཡུ་མདོས་གཙོ་བོར་གྱུར། བསྟན་ཞབས་སྒྲུབ་ཐེབས་སུ་གསར་སྦྱོར་མཛད་ཅིང་དེ་ནས་ཐོན་ཕྱག་སོགས་རིམ་མཛད་འཕན་ཡུལ་ནཱ་ལེནྡྲ་དང༌། ལྷོ་གནས་དང༌། ཡར་འབྲོག་མཐར་ཆོས་ནས་སྒང་བརྒྱུད། ཡར་མར་གཉིས་ཆར། པཎ་ཆེན་རིན་པོ་ཆེ་བློ་བཟང་བསྟན་པའི་དབང་ཕྱུག་གི་མཇལ་ཕྱག་སོགས་སྔར་ལམ་ལྟར་མཛད་ཚུལ་རྒྱལ་མཚན་མཐོན་པོ་བས་ཀྱང་བཀུར་བཟོས་སོགས་ཀྱང་སྔོན་ལམ་བཞིན་ཞུས་ཚོད་འདུག་ཡར་ལམ་ཨེ་ཝཾ་ཆོས་ལྡན་ནས་ཤབ་ཆོས་བརྒྱུད་ཆུ་སྤྲེལ་ཟླ་བ་བདུན་པའི་ནང་གདན་སར་ཕེབས་མདུན་འཆམ་མགོན་རྣམས་དང་རྡོ་རྗེའི་ཆོས་སྐྱོང་རྣམས་བླ་ཁག་མཁན་ཕྱག་གཉེར་གསུམ་སོགས་ལྷ་མི་སྡེ་བཅས་ཕེབས་བསུ་སོགས་སྔར་ལམ་བཞིན་བགྱིས་ཏེ། བཞི་ཐོག་ཚོམས་དམར་དུ་དེ་སྐབས་ཀྱི་རྒྱལ་ཁབ་ནས་གནས་ཤན་གྲ་ཕྱི་སྨིན་གྲུབ་པའི་ལས་ཚན་པ་བཅས་ཚང་མར་ས་གཞུང་ནས་གསོལ་སྟོན་རྒྱས་པའི་ཐོག་མཛོད་པ་བླ་ཁག་སོགས་ལྷོ་བྱང་ལས་ཚན་དྲུང་རིགས་བཅས་ནས་མཇལ་དར་ཕུལ། དེ་ནས་དགོན་ཁང་ཁག་ལ་གཏང་རག་སོགས་རིམ་མཛད་བཀའ་དྲིན་བསྐྱངས་ཤིང༌། གོང་གསལ་སྤེལ་ལེགས་འབབ་ཡོངས་སྟེང་ནས། འབྲུ་ས་ཁལ་ཉེར་ལྔ་སྟོང་རྟེན་དུ་ཟུར་བཅད་ཀྱིས་མགོན་མདོས་ཉིན་གསུམ་འཕར་མ་འདི་བཞིན་བྱུང་