R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༣༨
[A:༦༣༨]སོགས་གསར་བསྐྱེད་དང༌། བཞི་ཐོག་ཀུན་གསལ་སྟེང་གི་ཤར་འཁྱུད་སོགས་ཉམས་གསོ་གསར་བསྐྱེད། བསེ་ཁྲབ་དང༌། དུས་མཆོད་རྩི་དམར་བཅས་ཀྱི་འཆམ་གོས་གྱོན་འབག་ཕལ་ཆེར་གསར་བསྐྲུན་གནང་ཞིང་གཞན་ཡང་ཕྲན་བུ་མང་དུ་མཆིས་པ་དང༌། སྔ་ཕྱིར་ལམ་འབྲས་ཚོགས་བཤད། གདུང་སྲས་ཟུང་རྗེ་བཙུན་རྣམས་དང༌། ཆོས་སྡེ་ལྷོ་བྱང་མདོ་སྨད་ཁུལ་གྱི་དགོན་གྲྭ་རྒྱུན་རྣམས་དང་བཅས་པར་ཐེངས་གསུམ་ཙམ་གནང༌། གདུང་སྲས་ཟུང་ལ་འཇིགས་བྱེད། གུར་ཞལ། མཁའ་སྤྱོད་མ། ནི་གུ་སོགས་ཀྱི་ཆོས་སྐོར་རྣམས་དང༌། སྒྲུབ་ཐབས་བརྒྱ་རྩ་སོགས་སྤྱི་བཀའ་དང༌། ཟུར་བཀའི་རྗེས་གནང་རིགས་དབང་ཆེན་རིགས་དང་ལུང་སོགས་མང་དུ་གནང་ཚོད་དང༌། སྔོན་དུ་བསྙེན་མཚམས་གྲུབ་པའི་རྗེས་ལ་བྲག་རྫོང་མ་ཕྱི་ནང་གསང་གསུམ་ཁྲིད་དམིགས་དང་སྦྲགས་མགོན་བསྙེན་ཐེངས་ཁ་ཤས། ཚེ་རྟ་ཟུང་འབྲེལ་སོགས་ཀྱི་བསྙེན་སྒྲུབ་མང་དུ་གནང་ཞིང༌། རྒྱུན་གཏན་ལམ་འདུས་ཐུན་གཉིས། ཚེ་སྒྲུབ་གུར་བདུན་མ། གུར་དྲག་བྲག་རྫོང་མ་བཅས་ཆག་མེད་གནང༌། ཚོགས་ཕེབས་བདག་ཁྲི་མ་གནང་གོང་རྟག་ཕེབས་དང༌། ཁྲི་ཐོག་གནང་ནས་ཀྱང་ཕུར་སྒྲུབ་དང༌། དུས་མདོས་ལྷ་མཆོད་སོགས་ཀྱི་སློབ་དཔོན་རྒྱུན་དུ་གནང༌། གཞན་གཏོར་བཟློག་སྒྲུབ་མཆོད་སོགས་ལའང་ཐེར་ཙམ་ཕེབས། དབྱར་དགུན་བཞུགས་ཐབས་དང༌། སྟོན་དཔྱིད་ཆབ་ཚན་ཀྱང་འཆར་ཅན་ཕེབས་ལམ་དང་འཆད་སྤེལ་ཀྱང་གོང་བཤད་བཞིན་མང་དུ་གནང༌། སློབ་མའི་གཙོ་བོ་གཅུང་པོ་ཕྱོགས་ཀྱི་གླང་