R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༣༩
[A:༦༣༩]པོ། ཡབ་རྗེ་རྡོ་རྗེ་འཆང་ཀུན་དགའ་སྙིང་པོ་སྐུ་མཆེད། ཕུན་ཕོ་རང་གི་གདུང་སྲས་རྗེ་བཙུན་རྣམས་དང༌། སྒྲོལ་ཕོའི་ཡུམ་རྗེ་བཙུན་མ་སོགས། ཁོ་བོ་ལ་ཡང་ན་ཚོད་གཞོན་ནུའི་དུས་ཇོ་ལགས་བཀྲ་ཤིས་རིན་ཆེན་དེ་ཉིད་ཀྱི་ཡང་སྲིད་ཡིན་གསུངས་ནས། སྐུ་པང་དུ་ཡང་བཞེས་ཚོད་དང༌། བྱ་རྒྱུད་ཚེ་དཔག་མེད་ལྷ་དགུ་དང༌། ཚེ་རྟ་ཟུང་འབྲེལ། རྟ་ཕྱག་ཁྱུང་གསུམ། གུར་དྲག་རྗེས་གནང་སོགས་ཁ་ཤས་ཐོབ་ཅིང་གནང་སྦྱིན་འདྲ་ཡང་བསྩལ་བ་ཐོས། རྗེས་སུ་རྩ་རྒྱུད་བརྟག་གཉིས་སོགས་རྒྱུགས་སྤྲོད་ཀྱང་མང་དུ་ཕུལ་བ་དྲན་ཚོར་གསལ་བ་བཅས། དེ་ལྟ་བུའི་སྐྱབས་མཆོག་དེ་ཉིད་དགུང་གྲངས་སོ་བརྒྱད་ཙམ་དུ་ཕེབས་པ་ས་བསྟན་ལ་སྐུ་གེགས་བར་ཆད་ཀྱི་རྣམ་པས་སྙུང་གཞི་བབས་ལྕི་ཆིག་བཞེས་ཏེ། ཚོགས་ཕེབས་སོགས་གང་ལ་ཡང་ཕེབས་མ་ཐུབ་པའི་མུར། ཆུ་རྟ་ཟླ་བ་དང་པོའི་ནང་པཎ་ཆེན་རིན་པོ་ཆེ་བསྟན་པའི་དབང་ཕྱུག་དང་། ཟླ་བ་བཞི་པའི་ཚེས་ལྔ་དགུང་གྲངས་ཞེ་གཅིག་པར་བདག་ཆེན་དེ་ཉིད་དགོངས་པ་རྫོགས་པ་བཅས། དོན་དུ་གངས་ལྗོངས་གདུལ་བྱ་རྣམས་བསོད་ནམས་དམན་དབང་ཁོ་ནར་ངེས་པས་སོ་སྙམ། དེང་ནས་དགོངས་རྫོགས་ཆེ་ཕྲ་སྤྱི་དང་གོང་ས་ཡས་ཕྱིན་དུ་གཤེགས་རྫོང་སོགས་ས་གཞུང་དང་ཕུན་ཕོ་ནས་སྒྲུབ་པར་མཛད་ཅིང༌། འདི་གར་ཡབ་རྗེ་རྡོ་རྗེ་འཆང་གི་དྲུང་དུ་ཡང་ཕུན་ཕོ་ནས་འདི་ལོའི་རིན་ཁྲི་པའི་ལས་མཇུག་བྱས་འཐུས་སྙན་འབུལ་ཞུ་གནང་གིས་དགོངས་རྫོགས་རྣམས་ཟབ་སྒྲུབ་མཛད་སོང་བ། ལས་མཇུག་བྱས་འཐུས་འདི་སྐབས་གསར་བྱུང་ལས།