R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༤༢
[A:༦༤༢]མའི་གདུང་རྟེན་མཆོད་རྒྱུན་བཅས་ཡོད་འདུག་འདི་གར་སྔ་དུས་ཟླ་བ་གསུམ་པའི་ནང་ཀྱཻ་རྡོར་སྒྲུབ་མཆོད་ཞག་ལྔ༌། དུས་ཆེན་བཅས་འཛུགས་པར་མཛད་པ་དེ་རྣམས་ཀྱི་གཅུང་པོ་ཕྱོགས་ཀྱི་གླང་པོའི་རྣམ་ཐར་མདོ་ཙམ་དང༌། བདག་ཡུམ་ཉི་ཟླ་དབང་མོའི་སྲས་ལྔ་པ་ནི། རིན་ཕོར་བཞུགས་པའི་རྗེ་བཙུན་ཚུལ་ཁྲིམས་དབང་མོ་བཅས་ཡིན་ནོ།། ༤ དྲག་ཤུལ་ཡོན་ཏན་རྒྱ་མཚོ། བདག་ཁྲི་ཀུན་དགའ་བསོད་ནམས་ཀྱི་བདག་མོ་རིག་འཛིན་སྙིང་རི་བའི་སྲས་མོ་འཆི་མེད་བཀྲ་ཤིས་དཔལ་གྱི་བུ་ཁྲིད་ལས། གདུང་སྲས་ཟུང་དང༌། རྗེ་བཙུན་མ་དྲུག་སྟེ་སྐུ་མཆེད་བརྒྱད་འཁྲུངས་པ་ལས་གདུང་སྲས་གཅེན་པོ་འཛམ་གླིང་ཆེ་རྒུ་དབང་སྡུད་ནི། ཡབ་རྗེ་དགུང་གྲངས་ཉེར་གཉིས་པ་ཁྲག་སྐྱུགས་ཅེས་པ་ཆུ་མོ་ཕག་གི་ལོའི་ཐ་སྐར་ཟླ་བའི་ཚེས་དྲུག་ཉིན་བལྟམས་ཤིང༌། སྔོན་ལམ་བཞིན་ཚེ་དཔག་མེད་ལྷ་དགུའི་དབང་དང༌། མཚན་གསོལ་བརྟན་བཞུགས་སོགས་བདག་ཁྲི་བཀྲ་ཤིས་རིན་ཆེན་ལ་ཞུ་གནང་གིས་ཁྲུས་བསངས་དང༌། ཕྱི་ལོ་འཁྲུངས་སྟོན་བཅས་རྒྱས་པར་མཛད་སྐད་དང༌། དེ་ནས་རིམ་བཞིན་ཡོན་ཏན་གྱི་མ་མོ་འབྲི་ཀློག་ལ་སོགས་པ་གསན་སྦྱོང་ངོས། རྩ་རྒྱུད་བརྟག་གཉིས་ལ་སོགས་པ་རྒྱུགས་འབུལ་རྣམས་སྔར་སྲོལ་བཟང་པོ་བཞིན་མཛད། རྒྱུན་འདོན་དང་ཕུར་སྒྲུབ་ཟབ་མ་སོགས་སྒྲུབ་མཆོད་ཁག་བཅས་ལ་ཚོགས་ཕེབས་རིམ་པར་གནང༌། བར་ལམ་ཡབ་