R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༤༡
[A:༦༤༡]༣ དཔལ་ལྡན་ཕྱོགས་ཀྱི་གླང་པོ། རྒྱལ་ཡུམ་ཉི་ཟླ་དབང་མོའི་གདུང་སྲས་ཟུང་ལས་གཉིས་པ། དཔལ་ལྡན་ཕྱོགས་ཀྱི་གླང་པོ་སྟེ། ཡབ་རྗེ་ཀུན་དགའ་རིན་ཆེན་དགུང་གྲངས་ང་གཅིག་པར་ཕུན་ཚོགས་ཕོ་བྲང་དུ་གཟུགས་སྐུའི་དཀྱིལ་འཁོར་མངོན་པར་གསལ་ཞིང༌། གཞོན་ནུ་ནས་རབ་ཏུ་བྱུང་སྟེ། གདན་ས་འདི་ཉིད་ཀྱི་ལས་ཕྲལ་ཆོས་སོགས་ཕལ་ཆེར་མཛད་གྲུབ་མཚམས། ས་གཞུང་གི་འབུལ་སྡུད་དུ་ཁམས་ཕྱོགས་མདོ་སྨད་ངོས་སུ་ཕེབས། བསྟན་འགྲོའི་བདེ་ཐབས་ལ་གཞོལ་སྐབས་ཉག་རོང་དམག་ཟིང་འགོ་ཚུགས་པ་བསྟན་དོན་ཞབས་རིམ་དམག་བཟློག་སོགས་མང་དུ་མཛད་པ་དང༌། གཞུང་ས་མཆོག་ནས་ལྷ་དམག་གི་དཔུང་གི་སྦྱོར་བ་སོགས་བཤམས་པས། ཕ་རོལ་ནག་ཕྱོགས་པའི་གཡུལ་ལས་མངོན་པར་རྒྱལ་ཏེ། མདོ་སྨད་སྲིད་པ་བདེར་བཀོད་ཀྱི་རྣམ་ཐར་བསྐྱངས་གྲུབ་ཀྱང༌། རྗེ་འདི་ཉིད་བདག་བས་གཞན་གཅེས་ཀྱི་ཐུགས་བསྐྱེད་དམ་བཅའ་འགོག་ཏུ་མེད་པ་ལྟ་བུས་རྗེ་འདི་ཉིད་ངག་དབང་ཀུན་དགའ་རྒྱལ་མཚན་གྱི་ཡང་སྲིད་དུ་ཞལ་གྱིས་འཆེས་པ་གོང་དེ་ཉིད་ཀྱི་སྐུ་ཚེ་ལྷག་མ་ལྟ་བུའི་དགུང་གྲངས་ཉེར་གཉིས་སུ་ཐིམ་ནས། ཉེར་གསུམ་པ་ཤིང་བྱི་ལོར་མདོ་ཁམས་གླང་ནག་དགོན་དུ་ས་གཡོའི་རྐྱེན་པས་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་གཤེགས་ཚུལ་བསྟན། སྐུ་རྗེས་རྣམས་བཀྲས་བརྩེགས་བླ་བྲང་ནས་སྒྲུབ་ཅིང༌། ནང་རྟེན་གླང་ནག་དགོན་རང་ན་གསེར་དངུལ་བཀྲ་