R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༥༩
[A:༥༩]གྲུབ་ཆེན་སྤྱོད་པ་བས་མཛད་པའི་འཁོར་ལོ་བདེ་མཆོག་གི་རྒྱ་གཞུང་ནག་པོ་གཞུང་དྲུག་ཏུ་གྲགས་པ་དང༌། རྗེ་བཙུན་གྱི་ནག་པོ་དཀྱིལ་ཆོག་གི་ལྷན་ཐབས་ཞྭ་ལུགས་སངས་རྒྱས་དཔལ་བཟང་གིས་མཛད་པའི་ལྷན་ཐབས་དང༌། ཞི་བའི་སྦྱིན་སྲེག་གཉིས༌། ལུ་ཧི་པའི་མངོན་རྟོགས་གསལ་བྱེད་ཐར་པཎ་གྱིས་མཛད་པ། དེས་མཛད་པའི་ནག་པོ་ལུགས་ཀྱི་མངོན་རྟོགས་ནག་འགྲོས་མ། དྲིལ་བུ་ལུགས་ཀྱི་སྒྲུབ་དཀྱིལ། ཞྭ་ལུགས་པ་མཁྱེན་རབ་རིན་ཆེན་མཆོག་གྲུབ་རྫོགས་རིམ་ཟབ་མོ་དམིགས་གཅིག་པ། བཟང་དཔལ་གྱི་ནག་པོ་བའི་བསྐྱེད་རིམ་རྣམ་བཤད། ཨ་མེས་ཞབས་ཀྱིས་མཛད་པའི་བདེ་མཆོག་ལུ་ནག་དྲིལ་གསུམ་གྱི་བསྐྱེད་རིམ་རྣམ་བཤད། རྣལ་འབྱོར་གསང་མཐའི་བསྟན་པ་རྒྱས་པའི་ཉིན་བྱེད། བསྙེན་ཐབས་རྒྱས་འབྲིང་བསྡུས་གསུམ། མཁས་གྲུབ་ངག་ཆོས་ཀྱི་ལུ་ནག་དྲིལ་གསུམ་གྱི་ཁོག་ཕུབ། བསྙེན་ཐབས་རྒྱས་འབྲིང་བསྡུས་གསུམ། ནག་པོ་ལུགས་ཀྱི་བསྐྱེད་རིམ་རྣམ་བཤད་འབྲིང་པོ། ཡང་རྣམ་བཤད་ཟིན་བྲིས་བདེ་ཆེན་ཐེག་ཕྲེང༌། ཨ་མེས་ཞབས་ཀྱི་བདེ་མཆོག་སྒྲུབ་དཀྱིལ། ངག་ཆོས་ཀྱི་དྲིལ་བུ་རིམ་ལྔའི་བྱིན་རླབས་དང༌། ཁྲིད་ཡིག་རྒྱལ་དབང་སྐལ་བཟང་རྒྱ་མཚོས་མཛད་པའི་ཚོགས་མཆོད་ཀྱི་ལུང་བཅས་གསན། ཁ་ཆེ་པཎ་ཆེན་གྱི་ཐུགས་དམ་བཞིའི་ནང་ཚན་བདེ་མཆོག་དཀར་པོའི་བྱིན་རླབས། དཔྱལ་ས་མོ་གྷ་དང༌། དབང་ཆེན་རབ། མུས་ཆེན་སངས་རྒྱས་རིན་ཆེན་རྣམས་ཀྱི་ཁྲིད་ཡིག་གི་ལུང༌། ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་བྱིན་རླབས། དཔལ་དོན་ཇོ་ནང་ཀུན་དགའ་གྲོལ་མཆོག་