R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༤༧
[A:༦༤༧]ཞུ་གནང་གིས་ཡར་ལམ་སྟོད་ལུང་སོགས་ནས་ཡངས་ཅན་ཟམ་གསར་སོགས་བྱང་འགྲིམ་གྱིས་གཞིས་རྩེར་ཡར་མར་པཎ་ཆེན་རིན་པོ་ཆེར་མཇལ་ཕྱག་གནང་ཚོད་བཅས་ཤབ་གཞུང་བརྒྱུད་ནས། ཤིང་སྦྲུལ་ཟླ་བ་ལྔ་པའི་ཚེས་ནང་གདན་སར་ཕེབས་སྐབས། ཕེབས་བསུ། སེར་ཕྲེང་དམ་ཅན་རྒྱ་མཚོས་བསུ་བ་སོགས་སྔོན་ལམ་བཞིན། བླ་བྲང་ཟམ་སྣེར་སྐུ་ངོ་བྱིངས་དང༌། ངོས་རྣམས་བདུན་སྐས་གཤམ་དུ་མཇལ་དར་ཕུལ་ཏེ་ཚོམས་དམར་དུ་ས་གཞུང་ནས་གཞིས་བྱེས་ཚང་མ་གསོལ་སྟོན་རྒྱས་པ་སོགས་གནང༌། འདི་ལོ་གཞུང་ཤན་བར་ལམ་ནད་མནར་གྱིས་དགོངས་པ་ཞུས་ཚོད་ཟེར་བཞིན་མེད་འདུག ཁྲི་ཐོག་འདི་སྐབས་རྟེན་བཞེངས་སོགས་གསར་བསྐྲུན་གནང་བ་ནི་གོང་དུ་སོང༌། ཡབ་རྗེ་ཀུནདགའ་བསོད་ནམས་ཀྱི་གདུང་རྟེན་ཡུམ་གྱི་ནང་རྟེན་རྒྱལ་ཡུམ་མྱུར་མཛད་ལྷ་མོའི་སྣང་བརྙན་དང༌། ཉིད་ཀྱི་ཨ་ནེ་རྗེ་བཙུན་མཆེད་ཟུང་སོགས་ཀྱི་ནང་རྟེན་དངུལ་སྐུ་རྣམས་ལྷ་ཆེན་ནུབ་ངོས་ཐིལ་བསྐོར་འཕྲིན་ལས་ཀྱི་མ་ཐང་རིང་མོ་ལག་བསྐོར་བཅས་པ་འདི་དང༌། ལྕགས་རི་ཆེན་མོའི་ཕྱིར་ལྷོའི་ཁྲིས་ཀྱི་མ་ཐང་ལག་སྐོར་བཅས་གསར་བསྐྲུན་མཛད། བྱ་ཁྲ་མའི་ཁྲིས་དང༌། གཡུལ་ཐང་བཅས་ཀྱི་མ་ཐང་རྣམས་ཕྱིས་ཉམས་གུད་ཆེ་བ་ཉམས་གསོ་གསར་བཞེངས་ལྟ་བུར་མཛད་པ་དང༌། བསྟན་འཛིན་སྐ་ཞེས་པ་དཀར་མོ་སྐ་སྐྱེས་གྲགས་པ་སོགས་སྐ་རྫོང་རྣམས་དང༌། ཕྱི་བསྐོར་དང༌། ཁའུའི་སྲིན་བྲག་ཡས་མས་ཀྱི་ལམ་བཅོས་སོགས་ས་གཞུང་གི་དབུས་ཕེབས་སྒར་སྒྲིགས་སྐབས་ཀྱི་སྤྲོ་ཁང་དང༌། ཕྱི་