R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༠
[A:༦༠]རྣམས་ཀྱི་ཡིག་ཆའི་ལུང༌། ངག་ཆོས་ཡིག་སྟེང་ནས་དཔྱལ་ལུགས་ཕག་མོ་སྐོར་བྱིན་རླབས་ཡིག་ལུང་བཅས། ཚར་ཆེན་དང་མུས་ཆེན་སངས་རིན། བྱམས་པ་ངག་གྲུབ་རྣམས་ཀྱི་ཡིག་སྟེང་ནས་ཚེ་དབང་གྲུབ་རྒྱལ་མ་ཡིག་ལུང་བཅས། འབའ་ར་བ་རྒྱལ་མཚན་དཔལ་བཟང༌། མཁྱེན་རབ་ཆོས་རྗེ། གནས་གསར་བ་མཁྱེན་མཛད་རྣམས་ཀྱི་ཟིན་བྲིས་སྟེང་ནས་བསྐྱེད་རྫོགས་ལ་བརྟེན་པའི་ཚེ་ཁྲིད་ཟབ་མོ། ཚར་མཛད་ཚེ་སྒྲུབ་ཞག་བདུན་མའི་ཉམས་ལེན་བརྒྱུད་འདེབས་རྣམས་ཀྱི་ལུང་དང༌། དམིགས་ཁྲིད། གཉིས་མེད་རྒྱུད་སྐོར་ལ། དཀོན་ལྷུན་ཡིག་སྟེང་ནས་འབྱུང་འདུལ་རྗེས་གནང་ལུང་བཅས། ཀུན་མཁྱེན་རྡོ་རྗེ་གདན་པའི་ཡིག་སྟེང་ནས་འབྱུང་འདུལ་སེམས་དཔའ་སུམ་བརྩེགས་ཀྱི་རྗེས་གནང་ལུང། དཀོན་ལྷུན་ཡིག་སྟེང་ནས་སོར་ཕྲེང་དཀར་མོའི་རྗེས་གནང་ལུང་བཅས། དབྱུ་གུ་མཆེད་གསུམ་གྱི་རྒྱ་གཞུང་རྣམས་དང༌། བོད་གཞུང་ཨ་མེས་ཞབས་ཀྱིས་མཛད་སྐོར་རྣམས་ཀྱི་ལུང་དང་བཅས་པ་གསན། དུས་འཁོར་སྐོར་ལ། བུ་སྟོན་རིན་པོ་ཆེ་ནས་མཛད་པའི་རྒྱུད་ཀྱི་བཤད་ཐབས། སྒྲུབ་ཐབས་འབྲིང་པོ། སྦྱིན་སྲེག་རྒྱུད་འདེབས་སྒྲུབ་དཀྱིལ་སོགས་དང༌། རིགས་ལྡན་རྣམ་རྒྱལ་གྲགས་བཟང་གིས་མཛད་པའི་དུས་འཁོར་སྒྲུབ་ཐབས། དེས་མཛད་པའི་བདག་འཇུག་རྣམས་ཀྱི་ལུང༌། བུ་སྟོན་ཡིག་སྟེང་ནས་དེའི་ལས་རྒྱས་ལྷ་གསུམ་ལས་སྣ་ཚོགས་ཡུམ་གྱི་རྗེས་གནང་དང་ཡིག་ལུང༌། འཕགས་མཛད་རྡོ་རྗེ་ཁྱུང་ཁྲའི་རྗེས་གནང་བཀྲུ་བྱབས་གསུམ་དང་བཅས་པ། མཉམ་མེད་བཟང་པོ་རྒྱལ་མཚན་གྱི་དཀར་