R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༥༧
[A:༦༥༧]ཀྱི་ས་འཛིན་སྐྱ་བོའི་ལོགས་དེར་གསེར་བྱ་ངང་པའི་ཚངས་བཅས་ཏེ་ཕྲུ་གུ་རྣམས་སྒོར་ཐོན་བྱུང་བ་དང༌། གཟིམ་ཆུང་གི་སྐར་ཁུང་སྟེང་བྱིའུས་ཚང་བཅའ་བ། ཆིབས་རར་རྒོད་མ་གཡང་འཛིན་ལ་རྟེའུ་དཀར་པོ་བཙས་པ་རྣམས་མཉམ་དུ་བྱུང་བ་ནི། བདག་ཅག་གི་སྟོན་པ་རྒྱལ་བུ་དོན་འགྲུབ་འཁྲུངས་པ་དང་ཚུལ་མཚུངས་པར་བྱུང་ངོ༌། །དེ་ནས་ཡབ་རྗེ་མཆོག་ནས། ཡུམ་སྲས་རྣམས་ལ་རབ་དཀར་ལྷ་རྫས་སྲིད་ན་རིང་བ་སྒྲོན་པ་དང༌། སྐྱོབས་པ་འཆི་མེད་དབང་པོ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་བཀྲ་ཤིས་རྫས་བརྒྱད་རྒྱལ་སྲིད་སྣ་བདུན་རྣམས་གདུང་སྲས་ཉིད་ཀྱི་སྐུ་པང་དུ་འགྲེམ་པ་དང༌། གུར་མགོན་ཁྲོ་བཅུའི་རྗེས་གནང་སོགས་སྩོལ་བར་མཛད། གསང་རྒྱ་བཀྲོལ་ནས་བརྟན་བཞུགས་ཀྱང་གསར་རྩོམ་གཟའ་ཚེས་དགེ་བར་མང་ཇའི་ཐོག་ཚོགས་འདོན་དང༌། འཁྲུངས་བསངས་རྒྱས་པ་ཕྱི་ལོ་དུས་མདོས་ཟབ་མ་རྣམས་སྔོན་ལམ་ལྟར་མཛད་ཅིང༌། དེ་ལྟ་བུའི་གདུང་སྲས་དེ་ཉིད་གཞོན་ནུའི་རོལ་རྩེད་ཀྱི་དུས་ཀྱང་ཆོས་འཆད་ཟོར་འཕེན་སོགས་དམ་པའི་ངང་ཚུལ་ཁོ་ནས་དུས་འདའ་བར་མཛད་པ་ཞིག་ཡོད་ཚོད་དང༌། དེ་ནས་རིམ་བཞིན་སྔོན་གྱི་ལུང་བསྟན་བཞིན་དཔོན་སློབ་ཆོས་གྲགས་པ་ཉིད་རིག་གནས་སློབ་དཔོན་དུ་བསྐོ་བཞག་བསྩལ་ཏེ། ཡོན་ཏན་གྱི་ཕྱི་མོ་བྲི་ཀློག་སོགས་དཀའ་ཚེགས་མེད་པར་ཐུགས་སུ་ཆུད། ཆོས་སྤྱོད་རབ་གསལ་ཐུགས་འཛིན་སྐབས་རྣམ་རྒྱལ་གཟུངས་སྔགས། དཔལ་མོ་གང་ཞིག་མ་བསྟོད་པ་འདོད་གསོལ་བཅས་ཐོལ་བྱུང་དུ་གསུངས་པ་སོགས་ངོ་མཚར་རྨད་དུ་བྱུང་