R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༥༦
[A:༦༥༦]ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པའང་ང༌། །ཞེས་སོགས་གསུངས་པ་ལྟར་ངེས་དོན་དུ་སྟོན་པ་དང་འཁོར་གཉིས་ཐུགས་རྒྱུད་གཅིག་གིས་བསྡུས་པར་གསུངས་པའི་ཕྱིར་རོ། །དེ་ཡང་གོང་དུ་སྨོས་པ་བཞིན་ཆུ་ལུག་ལོ་ཡབ་རྗེ་སྐུ་མཆེད་ཟུང་དང་རྒྱལ་ཡུམ་ཞིང་སྐྱོང་དབང་མོ་བཅས་དབུས་ཕེབས་ཐོག་མའི་སྐབས། རྒྱལ་དབང་ཐམས་ཅད་མཁྱེན་པ་སོགས་མཇལ་ཕྱག་གྲུབ་ནས། ལྷོ་གནས་སུ་ཕེབས་སྐབས་བསམ་ཡས་ཆོས་སྐྱོང་ཆེན་པོའི་ལུང་བསྟན་དུ་ད་ལྟ་ཡུམ་གྱི་ལྷུམས་ན་ཡོད་པ་འདི་གདུང་སྲས་དང༌། དེ་ཡང་པད་འབྱུང་གཉིས་པ་འགྲོ་མགོན་དབང་སྡུད་སྙིང་པོའི་རྣམ་སྤྲུལ་ཡིན་པས་མཚན་ཡང་ཐེག་ཆེན་དབང་སྡུད་སྙིང་པོར་ཐོགས་ཤིག་ཅེས་འབྲུ་དཀར་གྱི་མེ་ཏོག་སྙིལ་བ་སོགས་དོན་དུ་ཡབ་རྗེ་དམ་པའི་རྣམ་སྤྲུལ་ཚང་མས་མཐུན་གྲུབ་ཏུ་འབྱུང་བ་བཞིན་ལྷུམས་ཞུགས་ཀྱི་ཟླ་གྲངས་རྫོགས་ནས་བདག་ཅག་རྣམས་ཀྱི་སྟོན་པའི་དབང་པོ་ཉིད་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ཏེ། དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་གྱི་རྒྱུད་གསུངས་པའི་དུས་ཆེན་དང་ཉེ་བར་ནག་ཟླའི་ཚེས་ཉེར་གཉིས་ལ། དགེ་ལེགས་རྒྱ་མཚོའི་འབྱུང་གནས་ཕོ་བྲང་དུ་དྲི་བཟང་འཐུལ་བ། ལྷ་རྣམས་ཀྱིས་འཇའ་འོད་དང་མེ་ཏོག་གི་ཆར་སྙིལ་བ་སོགས་ལྟས་བཟང་པོ་དུ་མ་དང་བཅས་ཏེ་སྐུ་བལྟམས་ཤིང༌། གདན་སའི་ཆབ་འབངས་རྣམས་ཀྱང་ནམ་ལྟས་འདི་ལ་དཔག་ན་གོང་སར་འཁྲུངས་སྒོ་ཞིག་ཡོད་པར་གདུང་སྲས་ཁྱད་པར་ཅན་ཞིག་སྐུ་བལྟམས་པར་ཐག་ཆོད། ཟེར་ཞིང་དགའ་བའི་རྣམ་འགྱུར་སྟོན་པ་དང༌། ཞབས་ལྷའི་རྒྱབ་ཕྱོགས་