[A:༦༥༩]རྗེས་གནང༌། བྱད་གྲོལ་གསེར་ལྡེ། མགོན་པོ་ཞལ་བཞིའི་རྗེས་གནང༌། གསང་སྒྲུབ་ཀྱི་ཉམས་ཁྲིད། ཞལ་པོད་རྣམས་ཀྱི་ལུང་བཅས་ཆོས་སྐོར་ཡོངས་རྫོགས་གསན། ས་སྐྱ་ངག་དབང་ཀུན་དགའ་རྒྱལ་མཚན་རིན་ཆེན་ཚུལ་ཁྲིམས་དབང་ཕྱུག་ལས། གསུང་ངག་ལམ་འབྲས་ཚོགས་བཤད་ཆ་ལག་དང་བཅས་པ་ཡོངས་རྫོགས། བདེ་མཆོག་ལུ་ནག་ཟུང་དང༌། དྲིལ་བུ་ལུས་དཀྱིལ། བདེ་མཆོག་བོང་ཞལ། གསང་འདུས་རིགས་གསུམ་རྣམས་ཀྱི་དབང་ཆེན། རྗེས་གནང་སྤྱི་བཀའ་སྒྲུབ་ཐབས་བརྒྱ་རྩ། ཟུར་བཀའ་འབྱུང་འདུལ། ཕྱག་རྡོར་ཨུ་ཙྱ། འཇམ་དཔལ་དཀར་པོ། གཟའ་ཡུམ། གཙུག་འབར་གསེར་ཆོས་འཇམ་ནག་གནད་བཅུ་གཅིག་དང་བཅས། རི་ཁྲོད་མ། ཁྱུང་ནག སྣ་ཚོགས་ཡུམ། འཇམ་དབྱངས་དམར་སེརདང་སྨྲ་སེང༌། སེང་སྒྲ། མི་གཡོ་བ་དཀར་སྔོན། རྣམ་རྒྱལ་ལྷ་དགུ། གསེར་ཆོས་སེང་གདོང་སྔོན་མོ། ཛམ་སེར་ནག ནོར་རྒྱུན་མ་སེར་མོ། ཇོ་ལུགས་སྒྲོལ་མ་ཉེར་གཅིག་རྣམས་ཀྱི་རྗེས་གནང༌། ཆོས་སྤྱོད་རབ་གསལ་ཀྱི་ལུང་སོགས་གསན། གུར་མགོན་བྲག་རྫོང་མ་ཕྱི་ནང་གསང་གསུམ་གྱི་ཉམས་ཁྲིད་རྗེས་གནང་རྣམས་དང༌། གསང་ཁྲིད་བེ་བུམ་རྣམས་ཀྱི་ལུང་ལ་སོགས་པ་ཆོས་སྐོར་ཡོངས་རྫོགས་གསན། གསེར་ཆོས་མཁའ་སྤྱོད་སྐོར་གསུམ། ནཱ་རོ་མཁའ་སྤྱོད་མའི་ཉམས་ཁྲིད་ཆོས་སྐོར་ཡོངས་རྫོགས་གསན། སྔགས་འཆང་ཡིག་སྟེང་གི་གཏོར་བསྔོ་ཆེན་མོའི་བཀའ་སྲུང་རྣམས་ཀྱི་རྗེས་གནང་སོགས་ཀྱང་གསན། རྗེ་བཙུན་རྨོལ་དྲུང་འཆི་མེད་བསྟན་པའི་ཉི་མ་