R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༦༠
[A:༦༦༠]ལས། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་དང༌། ཕྱག་རྡོར་འཆི་བདག་འཇོམས་པ། ཀུན་རིག་གི་དབང་སོགས་གསན། རྗེ་བཙུན་ཨ་ནི་དྲུང་སྐལ་བཟང་ཆོས་ཀྱི་ཉི་མ་ལས། གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས། བླ་མེད་སྒྲོལ་མ་ཉེར་གཅིག་དང༌། རྣམ་སྲས་རིགས་ཅན་བཅོ་ལྔའི་རྗེས་གནང་སོགས་གསན། ཐར་རྩེ་མཁན་རིན་པོ་ཆེ་བྱམས་པ་ཀུན་དགའ་བསྟན་འཛིན་ལས་གསུང་ངག་སློབ་བཤད་ཆ་ལག་དབང་བྱིན་རླབས་ལུང་པོད་རྣམས་དང་བཅས་ཡོངས་རྫོགས། གཞན་ཡང་བིར་ཝ་པའི་ལམ་འབྲས་ཆུང་བར་གྲགས་པ་གཤེད་དམར་སྤྲོས་མེད་ཀྱི་དབང་བྱིན་རླབས་ཉམས་ཁྲིད་ལུང་བཅས་གསན། སྤྱི་བཀའ་རྡོ་རྗེས་ཕྲེང་བའི་དབང་ཆེན་དངོས་ལ་ཞེ་གཉིས་དང༌། ཀྲི་ཡ་ས་མུ་རྩ་ནས་གསུངས་པའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བསྣན་པའི་དཀྱིལ་འཁོར་ཞེ་ལྔའི་དབང་ཆེན། ཟུར་བཀའ་བྱ་རྒྱུད་དྲི་མེད་རྣམ་གཉིས། གདུགས་དཀར་ཉེར་བདུན་མ། སྤྱོད་རྒྱུད་ཨ་ར་པ་ཙ་ན་ལྷ་ལྔ༌། རྣལ་འབྱོར་རྒྱུད་ཕྱག་རྡོར་འཆི་བདག་འཇོམས་པ་ལྷ་བཅུ་གསུམ་མ། བླ་མེད་གསང་འདུས་ཡེ་ཤེས་ཞབས་ལུགས་རྣམས་ཀྱི་དབང་ཆེན། གཞན་ཡང་བྱང་གཏེར་ཚེ་དབང་ལྕགས་སྡོང་མ། ཚེ་དབང་མདའ་འཕེལ་མ། ཚེ་རྟ་ཟུང་འབྲེལ་རྣམས་ཀྱི་དབང་རྗེས་གནང་སྐོར་ལ། ཉང་ལུགས་གུར་དྲག་གཉན་སྒྲོལ། དབྱངས་ཅན་དཀར་མོ། དོན་ཞགས་ལྷ་ལྔ་སེང་གེ་སྒྲ་ངག་གསུང་གྲོལ་བཅས་པ། ཛམ་དམར་སྲོག་སྒྲུབ་རྣམས་ཀྱི་རྗེས་གནང༌། ས་འཇམ་སྦགས་སྒྲུབ། གང་བློ་མའི་རིག་གཏད། ཀུན་