[A:༦༡]ཆག་བཞིན་ཁྱུང་པོད་ཀྱི་ལུང་གསན། ལོ་པ་སྤྱན་སྔ་ཀུན་དགའ་དོན་གྲུབ་ཀྱི་ཡིག་སྟེང་ནས་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ཀྱི་རྗེས་གནང་ཡིག་ལུང་གསན།
གཉིས་པ་ཐུན་མོང་མ་ཡིན་པའི་སྐོར་ལ། ཐོག་མར་གསུང་ངག་སློབ་བཤད་གསན་པའི་ཚུལ་ལ་ཚད་མ་སྙན་རྒྱུད་བཞིའི་སྒོ་ནས་ངེས་དགོས་པ་ལས། དང་པོ་བླ་མ་ཚད་མའི་སྐོར་ལ། ཚར་ཆེན་གྱིས་མཛད་པའི་བླ་མ་མཆོད་པའི་ཆོ་ག་དངོས་གྲུབ་རིན་ཆེན་བང་མཛོད། དེའི་ལྷན་ཐབས་ལྟ་བུར་རྨོར་ཆེན་གྱིས་མཛད་པའི་བླ་མཆོད་བསོད་ནམས་རྒྱས་བྱེད། རྗེ་བཙུན་གྱིས་མཛད་པའི་བརྒྱུད་འདེབས་བླ་མ་རྡོར་འཛིན་མ་ཁ་སྐོང་དང་བཅས་པ། འཕགས་པས་མཛད་པ་ཕྱག་མཆོད་སངས་རྒྱས་ཀུན་དངོས་མ། བྲག་ཕུག་པས་མཛད་པའི་བརྒྱུད་འདེབས་དང༌། ངོར་ཆེན་གྱིས་མཛད་པའི་རྣམ་དག་དཀྱིལ་འཁོར་མ། ཚར་ཆེན་དང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་རྣམས་ཀྱིས་མཛད་པའི་བརྒྱུད་འདེབས་རྣམས་ཁ་སྐོང་དང་བཅས་པ། བིར་བསྟོད་ཨ་ལ་ལ་སྟེ་མ། ས་ཆེན་གྱིས་ཚངས་དབང་མ་དང༌། དད་པའི་ཆུ་རྒྱུན་མ། རྗེ་བཙུན་གྱི་བསྟོད་པ་སྲིད་བྲལ་མ་ས་པཎ་གྱིས་མཛད་པ། ས་པཎ་གྱི་སྐུ་བསྟོད་ཡར་ཀླུངས་པ་བྱང་ཆུབ་རྒྱལ་མཚན་གྱིས་མཛད་པ། འཕགས་བསྟོད་གཙང་ནགས་ཕུག་པས་མཛད་པ། ངོར་བསྟོད་རབ་དཀར་མ་རོང་སྟོན་གྱིས་མཛད་པ། ངོར་བསྟོད་སྡེ་སྣོད་མ་མུས་ཆེན་སེམས་དཔའ་ཆེན་པོས་མཛད་པ། སེམས་དཔའ་ཆེན་པོའི་བསྟོད་པ་བདག་ཆེན་ཆུ་མིག་པས་མཛད་པ། བདག་ཆེན་རྡོ་རྗེ་