R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༦༤
[A:༦༦༤]དང་བཅས་བབས་པས། དེའི་རྐྱེན་གྱིས་མནལ་སད་པ་ལྟར་མཛད་འཕྲལ། ཕྱག་མཐིལ་ནམ་མཁར་སྟོན་པར་མཛད་པ་ན། ཚེ་ཆུ་མང་རབ་བྱུང་བ་རྗེ་རང་ཉིད་ཀྱིས་གསོལ་ཞིང༌། ཡང་བསྐྱར་གོང་ལྟར་མཛད་པས། ཚེ་ཆུ་ཐིག་པ་གསུམ་ཙམ་བྱུང་བ་རྒྱལ་ཡུམ་ཉིད་ལ་འབུལ་གནང་དང༌། ད་དུང་དཔོན་སློབ་དེ་ཉིད་ལ་འབུལ་རྒྱུའི་ཕྱག་གོང་ལྟར་མཛད་ཀྱང་ཚེ་ཆུ་མ་བབས་པ་དང༌། རྗེ་དེ་ཉིད་བཞུགས་གདན་གྱི་སྟེང་ནས་བཞེངས་ཏེ། ཚེ་ཆུ་བྱུང་བའི་བྲག་ངོས་ལ་ཕྱག་རྐྱོང་པར་མཛད་པས། བྲག་སྐམ་པོ་ཆུ་བྱུང་བའི་རྗེས་ཙམ་ཡང་མི་འདུག་པ་དེ་ལ་ཐུགས་མ་ཚིམ་པའི་རྣམ་པས་སླར་ཡང་གསོལ་འདེབས་ཀྱི་འཕྲོས་མཛད་གྲུབ་འཕྲལ་ཆིབས་ཞལ་བསྒྱུར་ཏེ་སྒར་ཆེན་དུ་ཕེབས། དེའི་སང་ཉིན་དཔོན་སློབ་བཟོད་པ་ཕུན་ཚོགས་སོགས་བན་ཚང་པ་འགའ་ཞིག་གོང་གི་གནས་ཆེན་དེར་མཇལ་དུ་བྱོན་སྐབས། སྐུ་གཉེར་དེ་ཉིད་ནས་ཁ་སེང་གི་བླ་མ་དེ་ཨོ་རྒྱན་རིན་པོ་ཆེའི་རྣམ་འཕྲུལ་ལམ། ཡང་ན་ཨོ་རྒྱན་རིན་པོ་ཆེའི་ཞལ་སློབ་ཞིག་ཡིན་པ་ཐེ་ཚོམ་གཏན་ནས་མི་དགོས་པར་འདུག་སྟེ། ང་ཡིས་གནས་འདིར་སྐུ་གཉེར་བྱས་ནས་ལོ་མང་དེ་ཙམ་སོང་རུང༌། ཁ་སེང་གི་ཡ་མཚན་དེ་འདྲ་གཏན་ནས་མ་བྱུང༌། གོང་གི་ཕྱག་ཕྱི་སོགས་ནང་གི་མི་མང་དེ་འདྲའི་ཁྲོད་ན་དམ་སྲི་སྡིག་ཅན་ཁ་ཤས་པ་དེའི་སྐྱོན་གྱིས་མ་བྱུང་བ་མ་གཏོགས། གནས་འདིར་བླ་མ་དེ་ལ་ཨོ་རྒྱན་རིན་པོ་ཆེའི་ཞལ་མངོན་སུམ་དུ་གཟིགས་རྒྱུར་ཡིན་པ་གདོན་མི་ཟ་བར་འདུག་ཅེས་ཟེར། དེ་སྐབས་བན་ཚང་པ་དཔོན་སློབ་བཟོད་པ་ཕུན་ཚོགས་སོགས་