R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༦༥
[A:༦༦༥]རྫུན་མི་ཟེར་བ་དུ་མས་འཕྲོས་པ་བྱུང་གླེང་འདུག ཡར་འབྲོག་ནས་སྒང་བརྒྱུད་རྒྱལ་རྩེ་གུད་པ་གྲྭ་ཚང་དུ་ཕུར་བཟློག་ཞིག་མཛད་པ། ཟོར་འཕེན་སྐབས་སྐྱབས་རྗེ་དམ་པ་འཁོར་ཚོགས་དང་བཅས་པའི་སྟེང་གི་ནམ་མཁར་འཇའ་འོད་ཁ་དོག་སྣ་ཚོགས་པའི་གུར་ཁྱིམ་ཆོས་འབྱུང་གྲུ་གསུམ་པའི་རྣམ་པ་ཅན་ཕུབ་ཅིང༌། མེ་ཏོག་གི་ཆར་ཡང་བབས་པས་དེ་ཕྱོགས་ཀྱི་སྐྱེ་བོ་ཀུན་མི་ཕྱེད་པའི་དད་པའི་ས་ལ་བཀོད་པར་མཛད་པ་ན། གང་གི་ཡབ་རྗེ་མཆོག་ནས། གཅེས་གཅེས་ལྟར་མ་བྱེད་ཅིག་ཨང་སྐུ་ཚེ་ལ་བར་ཆད་ཀྱང་འབྱུང་ཉེན་ཆེ། ཞེས་གསུངས་པར་གྲགས་པ་སོགས་ངོ་མཚར་བའི་མཛད་བཟང་དུ་མ་དང་བཅས་གདན་སར་ཕེབས་ནས་རིང་པོ་མ་ལོན་པར་རྗེ་ཉིད་དགུང་གྲངས་ཉི་ཤུར་ཕེབས་པར་ཆུ་སྟག་ལོར་ཡབ་རྗེ་སྐུ་མཆེད་གཉིས་བཀའ་གྲོས་མཛད་དེ། ཆུ་ཡོས་རིགས་སྲས་སྐུ་མཆེད་རྣམས་འཇམ་དབྱངས་ས་སྐྱ་པཎ་ཆེན་གྱི་ཆོས་ཁྲིར་ཕེབས་ཚུལ་གོང་རྡོ་རྗེ་རིན་ཆེན་གྱི་རྣམ་ཐར་ལོ་རྒྱུས་སྐབས་བཞིན་དང༌། དེ་ནས་ཡབ་རྗེ་པདྨའི་མཚན་ཅན་ཉིད་ཁྲི་འཛིན་དགོངས་ཞུ་མཛད་དེ་གདུང་སྲས་རྡོ་རྗེ་རིན་ཆེན་མཆོག་ཁྲི་འཛིན་དུ་མངའ་གསོལ་ཏེ། རིང་མིན་རྗེ་ཉིད་དགུང་གྲངས་ཉེར་གཅིག་ཏུ་ཕེབས་པ་བཅས་སྐུ་མཆེད་གཉིས་ཆར་ལྷ་ལྡན་རྒྱལ་ཁབ་ཆེན་པོར་ཁྲི་མཇལ་དུ་ཕེབས་ཚུལ་གོང་གཅེན་པོའི་ལོ་རྒྱུས་སྐབས་བཞིན་དང༌། འདི་སྐབས་ཙམ་ལ་རྗེ་ཉིད་རབ་བྱུང་གནང་འདོད་ཐུན་མོང་མ་ཡིན་པར་ཡོད་འདུག་ཀྱང་ཡབ་རྗེ་མཆོག་ནས་ས་སྐྱའི་གདུང་རྒྱུད་འདི་བཞིན་གངས་ལྗོངས་ཡོངས་ཀྱི་བསྟན་པའི་སྲོག་