R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༦༣
[A:༦༦༣]མེད་དམ་སྙམ། དེ་ནས་རིམ་བཞིན་གོང་ས་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་རྒྱ་མཚོ། སྲིད་སྐྱོང་མཚོ་སྨོན་གླིང་པ་རྣམས་མཇལ་ཕྱག་སོགས་དང༌། ཇོ་ཤཱཀ་རྣམ་གཉིས་ཀྱིས་མཚོན་གནས་རྟེན་ཁྱད་པར་ཅན་རྣམས་ཀྱི་གནས་གཟིགས་མཆོད་འབུལ་ཁྲུས་གསོལ་རབ་གནས་སོགས་བསྟན་འགྲོ་ཡོངས་ཀྱི་བདེ་ཐབས་ལ་ཕན་བཞེད་རྣམས་གྲུབ་ནས། གཞུང་གི་ཞབས་བརྟན་གནང་ཚུལ་མ་གསལ་ཡང་མང་དུ་གནང་བར་གཞིར་གྲུབ་པ་བཅས། གཞུང་ས་མཆོག་ནས་ཟུར་གསོས་སྔ་ཕྱི་བར་གསུམ་དང་ཐོན་ཕྱག་མཇལ་སོགས་བསྩལ་ཏེ། བསམ་ཡས་སོགས་ལྷོ་གནས་རྣམས་སུ་རིམ་པར་ཕེབས། དེ་སྐབས་ཡར་ལུང་ཤེལ་བྲག་རྟེན་བརྟེན་པ་བཅས་པ་མཇལ་བར་དམ་པ་དེ་ཉིད་དང༌། གང་གི་ཡུམ་མཆོག་ཞིང་མཆོག་དབང་མོ། གནས་ཆོས་གྲགས་པ་སོགས་དཔོན་འཁོར་རགས་བསྡུས་ཤིག་ཕེབས་ཏེ། ཨོ་རྒྱན་རིན་པོ་ཆེའི་དྲུང་དུ་ཚོགས་བརྒྱ་དང་གསོལ་འདེབས་ལེའུ་བདུན་མ་ཞལ་འདོན་མཛད་པའི་ཚེ་ཨོ་རྒྱན་རིན་པོ་ཆེའི་སྐུ་བརྙན་བྱིན་ཅན་དེའི་ཞལ་བསྒྱུར་ཅིང༌། ཞལ་རྒྱན་འགུལ་བ་ལྟར་མཛད་པར། རྡོ་རྗེ་འཆང་དེ་ཉིད་ཕྱི་རོལ་མ་དག་པའི་སྣང་ངོར་མནལ་དུ་ཅུང་ཟད་ཕེབས་པ་དང༌། དག་པའི་སྣང་ངོར་འོད་གསལ་དུ་མཇལ་བར་མཛད་པ་དེའི་ཚེ། ཨོ་རྒྱན་རིན་པོ་ཆེའི་ཞལ་དངོས་སུ་གཟིགས་རྒྱུ་ཡིན་པ་གདོན་མི་ཟ། དེ་སྐབས་ཕྱི་ནང་གི་མི་མང་ལས་དག་མིན་སྣ་ཚོགས་ཡོད་པ་ལ་བརྟེན། ཞལ་གཟིགས་ཀུན་གྱིས་མཐོང་སྣང་རང་མ་བྱུང་རུང༌། བྲག་ཕུག་གི་ཡང་ཐོག་ནས་ཚེ་ཆུ་དབུ་ཐོག་ཏུ་ཚེག་སྒྲ་