R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༦༦
[A:༦༦༦]ཤིང་དུ་གྱུར་ཅིང༌། དེ་ལྟར་མཛད་པས་ག་ལ་འཐུས་ཀྱི་བཀའ་བཀྱོན་ལྡོག་མ་ནུས་པ་སྔགས་འཆང་དགེ་བསྙེན་རྡོ་རྗེ་འཛིན་པའི་གོ་སར་མི་བཞུགས་ཐབས་མེད་ཀྱི་རྒྱལ་ཁབ་བཀའ་དགོངས། སྔར་ལོ་ལ་སིང་དཔུང་འཇུག་མཛད་སྐབས། གངས་རི་ཏི་སེ་དང༌། མཚོ་མ་དྲོས་པ་སོགས་གནས་རྟེན་རྣམས་ལ་ཁྲུས་གསོལ་རབ་གནས་སུ་ཕེབས་དགོས་བཀའ་བསྒྱུར་སྤྱི་ཕེབས་ཀྱིས་དེ་བཞིན་ཞུ་བར་སྟོད་ཕྱོགས་ལ་ཆིབས་བསྒྱུར་གྱི་གོང་གསལ་བཀའ་དགོངས་རྣམས་དང༌། མངའ་རིས་སྐོར་གསུམ་གྱི་གདུལ་བྱ་རྣམས་ཀྱི་བདེ་ཐབས་ལ་བརྩོན་བཞུགས་སྐབས་གདན་ས་འདིར་རྡོ་རྗེ་རིན་ཆེན་ཉིད་ཁྲི་འཛིན་དགོངས་ཞུ་མཛད་པར་བརྟེན། འདི་གའི་ལྷ་མི་སྡེ་འབངས་བཅས་ནས་ད་ཆ་གདན་སའི་འཛིན་སྐྱོང་གནང་བ་པོ་སྐྱབས་མགོན་བཀྲ་ཤིས་རིན་ཆེན་འོས་པ་ཞིག་ཡིན་ཞེས་རྒྱལ་ཁབ་ཏུ་སྙན་ཕུལ་བཞིན་བཀའ་དམ་བསྩལ་བར་བརྟེན། ཡབ་རྗེ་མཆོག་ནས་གདན་སའི་ཁུར་བཞེས་མཛད་དགོས་ཀྱི་བཀའ་ཡིག་ཕེབས་དོན་བཞིན་གདན་སར་ཤར་ཕེབས་ཀྱིས་སྐྱབས་མཆོག་དེ་ཉིད་དགུང་གྲངས་ཉེར་བཞིར་ཕེབས་པ་ཤིང་སྦྲུལ་ལོ་མཇུག་གཡུལ་ཐང་འོང་བཞེས་ལ་དར་འཛུགས་དང༌། ཁྲི་ཕེབས་ཆེན་མོ་གནང་ཟིན། སྟབས་དུས་མདོས་ཟབ་ཆུང་སོགས་མཛད། རྒྱལ་ཟླའི་གཟའ་ཚེས་དགེ་བར་སྐྱབས་མཆོག་དེ་ཉིད་བླ་ཆེན་འཕགས་པ་རིན་པོ་ཆེའི་བཞུགས་ཁྲི་ག་ལ་བར་ཞབས་ཟུང་མངོན་པར་བཀོད་དེ། ཡབ་རྗེ་གྲུབ་པའི་དབང་ཕྱུག བན་ཚང་པ་དང་བཅས་པས་སླར་ཡང་གངས་ལྗོངས་བསྟན་འགྲོའི་མགོན་དཔུང་