R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༦༨
[A:༦༦༨]གསར་དུ་ཕེབས། འཕྲལ་སྣེ་ཤན་དུ། ཤེར་སྤང་དགའ་བཞི་སྲས་དང༌། རྩེ་དྲུང་དམ་ཆོས་གཉིས་བསྩལ་བ་དང༌། མཚམས་དེར་ཇ་ཞུས་གོང་བཞིན་ཕེབས། བཀའ་ཤག་གི་ཕེབས་གསོལ་འབུལ་བར་ས་དབང་དཔལ་ལྷུན་ངོ་མ་ཕེབས། འདི་ལོ་ལྷ་ལྡན་དུ་རྡོ་རྗེ་ཚེར་མའི་ནད་རིམ་ཐོ་བར་སྐྱབས་མཆོག་བདག་མོ་རྗེ་བཙུན་བཅས་བཀའ་ཤག་བཀའ་འགྲེལ་རྒྱལ་དབང་མཆོག་གི་མཇལ་ཕྱག་རྩ་འགངས་ཆེ་བའི་འཁོར་བཅོ་བརྒྱད་ཀྱིས་ཀུན་གླིང་དུ་བག་སང་ཉིན་ལྔ་གནང༌། མཇལ་ཕྱག་དངོས་གཞིར་ཕུན་ཚོགས་མདུན་ལམ་བརྒྱུད་རང་རེའི་གདུགས་ཆིབས་བཤོལ་མཚམས་དང༌། གཞུང་ས་ཆེན་པོའི་དྲུང་སྐྱ་སེར་གྱི་མཇལ་དར་སོགས་སྔོན་ལམ་བཞིན་དང༌། གཟིམ་ཆུང་བདེ་ལྡན་འཁྱིལ་དུ་ཅུང་ཟད་བཞུགས་སྐབས་གསོལ་ཇ་ཕེབས། དེ་ནས་རྩེ་མགྲོན་ནས་ཕེབས་བརྡ་བྱུང་མཚམས་ཤར་ཕེབས་གཟིམ་ཆུང་ཉི་འོད་མདོ་སྦུག་མཁན་སྡེ་ཆུང་ཁག་དང་ཆེ་ཁའི་མཇལ་དར་རྣམས་བཞེས་ཏེ་སྲུང་མདུད་རེ་གནང་སྲོལ་སོགས་སྔོན་ལམ་བཞིན་དང༌། དེ་ནས་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་མཁས་གྲུབ་རྒྱ་མཚོ་དང༌། སྲིད་སྐྱོང་རྭ་སྒྲེང་ཧོ་ཐོག་ཐུ་བཅས་པར་མཇལ་ཕྱག་ཐོག་མཎྜལ་རྟེན་གསུམ་རྣམས་ལྗགས་བཤད་བཅས་དང༌། དངོས་འབུལ་སོགས་སྔོན་ལམ་བཞིན་མཛད། བཞུགས་ཁྲིར་འཁོད་ནས་གསོལ་ཇ་དང་འཚམས་འདྲི་བཅས་ཕེབས། དེ་ནས་སླར་ཡང་སྔར་གྱི་གཟིམ་ཆུང་དུ་གསོལ་ཇ་དང་གསོལ་སྟོན་སྤམ་ཆེ་བ་བསྩལ་ཏེ། སྤྱི་མཁན་ཤག་ཕེབས་ཀྱིས་ཕྱག་སྐྱེས་བསྩལ་བར་མགུལ་དར་ཕུལ་ཏེ་