R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༦༩
[A:༦༦༩]མར་ཙམ་ཕེབས་སྐྱེལ་དུའང་ཕེབས་ཏེ། བཞུགས་མཚེར་ཤར་བསྐྱོད་གནང༌། དེ་ནས་ཡོངས་འཛིན་རྟ་ཚག་རིན་པོ་ཆེ་ནས་གདན་ཞུས་ཀྱིས་ཚེ་དབང་ལྕགས་སྡོང་མ་འབུལ་གནང་དང༌། ཕན་ཚུན་འབུལ་ནོད་ཟབ་དུ་གནང་ཚུལ་འདུག དེ་ནས་ཇོ་ཤཱཀ་རྣམ་གཉིས་དང་རྩེར་འཕགས་པ་རིན་པོ་ཆེ་གསེར་གདུང་ཁག་བཅས་ཡར་མཆོད་སྤྲིན་རབ་འབྱམས་ཀྱིས་མཆོད་ཅིང༌། གཞན་པའི་གནས་གཟིགས་རྣམས་ཀྱང་གནང་ཟིན་ནས། ཞག་འགའ་ནས་སྐྱབས་མགོན་སྲིད་སྐྱོང་ནང་མཇལ་སྐབས་འདི་པའི་ལུགས་གཉིས་ཁྲིམས་སྲོལ་རྣམས་དུས་དབང་གིས་འཁྱོག་པོའི་ལམ་དུ་གྱུར་ཚུལ་སོགས་གང་ས་ནས་སྤྱི་དང་བྱེ་བྲག་གི་བསྟན་དོན་གྱི་ཞབས་འགྱུར་དཀའ་བའི་ཁར་དང༌། ཉིད་ཀྱང་ཤེས་རྨོངས་ཀྱི་གནས་སོགས་གང་ས་ནས་གདན་སའི་འཛིན་སྐྱོང་དགོངས་ཞུ་ནན་དུ་མཛད་པས། སྔོན་དུས་ས་སྐྱ་ལྷ་མི་སྡེ་བཅས་ནས་མགྲིན་གཅིག་བདག་ཆེན་ཉིད་རང་འོས་ཅིག་མཚན་འབྱོར་པ་སྤྱན་བསྟར་དང༌། སོ་སོའི་དག་བཤེར་དང་འབྲེལ་བ་བཀའ་བཀྱོན་ཕེབས་རིགས་ལྟར་གནང་མོད་བདག་ཉིད་ཆེན་པོའི་ཕྱག་འཚལ་དང་ཆབས་ཅིག སྤྱིར་བསྟན་པའི་འཕེལ་འགྲིབ། སྙིགས་དུས་དམུ་རྒོད་ཀྱི་གནས་ཚུལ། རང་ཉིད་སྐྱེས་སྦྱངས་ཀྱི་བློ་དམན་ཚུལ་སོགས་ལུང་རིགས་དང་འབྲེལ་བ་ཞུ་བར་མཛད་འདུག ཞག་ཤས་ནས། རྒྱལ་པོ་ལྷན་རྒྱས་ཏེ། བཀའ་བློན་བཤད་སྒྲ་དབང་ཕྱུག་རྒྱལ་པོ་ཆེད་རྫོང་གིས་གནང་ཆར་གསེར་སྲང་གསུམ་ཁ་བཏགས་བཅས་བསྩལ་ཏེ། གདན་སའི་ཁྲི་འཛིན་བདག་ཆེན་མཆོག་ནས་མ་མཛད་ཕྱིན། བསྟན་འགྲོ་སྤྱི་