R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༧༣
[A:༦༧༣]སོགས་བཀའ་བསྒྱུར་དང་བཅས་གསར་བཙུགས་གནང༌། ཕྱི་ལོ་ལྕགས་ཁྱི་ཟླ་བ་བདུན་པའི་ཚེས་གསུམ་ལ་ཡབ་རྡོ་རྗེ་འཆང་ཉིད་སྐུ་བལྟམས་པའི་ཚུལ་རྒྱས་པ་འོག་ནས་འབྱུང་ཞིང༌། འཁྲུངས་སྟོན་དུ་དུས་མདོས་ཟབ་མ་སོགས་རྒྱས་པར་གནང༌། དེ་དང་དུས་མཉམ་ཙམ་དུ་ཧོར་ཟླ་ལྔ་པའི་ནང་བསྟན་སྲིད་སྤྱི་བྱེའི་ཞབས་བརྟན་དུ་ཟབ་གསོལ་འཆམ་གཟིགས་ཆེན་མོར་གྲགས་པ་འདིའང༌། གོང་ཆུ་བཟང་བའི་འབུལ་དངུལ་ནས་གསར་འཛུགས་མཛད་པར་གྲགས། དེ་སྔ་ལྷ་ཆེན་ཁྱམས་སྟོད་དུ་བཀའ་འགྱུར་གསུང་སྒྲོགས་དང༌། ཕུར་ཁང་དང༌། དུས་མཆོད་དུ་གནོད་སྦྱིན་རྩིའུ་དམར་པོའི་གཏོར་སྒྲུབ་ཁག་གཉིས་བཅས་ཞག་བདུན། ཕན་ཉིན་ས་ཚོགས་སུ་ཚོགས་གུར་དང༌། འཆམ་གོས་གྱོན་འབག་བཅས་གསར་བསྐྲུན་འདི་རྣམས་ཀྱི་གར་འཆམ་ཉིན་གཉིས་ལ་གཏོར་སྒྲུབ་ཁག་གཉིས་ཀྱི་ཟོར་འཕེན་རིམ་པ་གཉིས་ཀྱི་བར་དེར་དབུགས་ངལ་ཉིན་གཅིག་བཅས་མཛད་སྲོལ། དེ་བཞིན་གསར་འཛུགས་མཛད་ཅིང༌། མཆོད་རྒྱུན་བསྙེན་བཀུར་བཅས་ཟབ་རྒྱས་མཛད། གཞན་ཡང་བདག་ཉིད་ཆེན་པོ་དེ་ཉིད་ཀྱི་སྐུ་ཐོག་སྒྲུབ་མཆོད་དང༌། གཏོར་བཟློག་སོགས་ཚོགས་འདུ་རྣམས་ལ་རྟག་པར་ཕེབས་ཤིང་། འདི་རྣམས་ཀྱི་གཏོར་འབུལ་དང་བསྟུན་ཐོག་ཁར་རྐང་གླིང་སྔོན་ཡོད་སྟེང་ཚག་ཤར་དུ་གྲགས་པ་དུང་རྒྱ་རྣམས་འབུད་གཏོང་འདི་བཞིན། སྔ་དུས་སྒྲུབ་མཆོད་ཁག་ལ་གཏོར་བསྔོ་ཆེན་མོ་ཚུན་ནས་མ་གཏོགས་དུང་རྒྱ་འབུད་སྲོལ་མེད་པ་འདྲ་ཞིང༌། ཕུར་སྒྲུབ་གཏོར་བཟློག་ཁག་བཅས་ལ་ཕྱི་ནང་གཉིས་ཀར་འབུད་སྲོལ་དང༌། དེ་