R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༢
[A:༦༢]འཆང་སྐུ་བསྟོད་རབ་དཀར་བློ་གྲོས་མ། རྡོ་རིང་པའི་བསྟོད་པ་མཐའ་ཡས་མ། དེའི་བསྟོད་པ་བདུད་དཔུང་ཕྱེ་འཐག་མ། བདག་བསྟོད་བློ་གསལ་མང་ཐོས་མ། འཁྲུངས་རབ་གསོལ་འདེབས་རྣམས་ཚར་ཆེན་གྱིས་མཛད་པ། ཚར་ཆེན་རྡོ་རྗེ་འཆང་གི་བསྟོད་པ་བཀྲ་ཤིས་མཚན་བཟང་མ་འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་གིས་མཛད་པ། མཁྱེན་བརྩེའི་བསྟོད་པ་རབ་ཡངས་མ་ཚར་ཆེན་གྱིས་མཛད་པ། དབང་རབ་བསྟོད་པ་དུས་གསུམ་རྒྱལ་བ་རང་ཉིད་ཀྱིས་མཛད་པ། བླ་མ་རྒྱ་བོད་ཀྱི་རྣམ་ཐར་རྗེ་བཙུན་གྱིས་མཛད་པ། ས་ཆེན་གྱི་རྣམ་ཐར་དང༌། སློབ་དཔོན་རྩེ་མོའི་རྣམ་ཐར་གསོལ་འདེབས་ཁྱོད་ཉིད་མ་དང༌། ཚངས་སྤྱོད་མ་བཅས་རྗེ་བཙུན་གྱིས་མཛད་པ། ཡང་རྩེ་མོའི་རྣམ་ཐར་ཚར་ཆེན་གྱིས་མཛད་པ། རྗེ་བཙུན་གྱི་རྣམ་ཐར་ཐུན་མོང་བ་ས་པཎ་གྱིས་མཛད་པ། རྣམ་ཐར་མནལ་ལམ་མ། སྣ་རོ་བནྡེ་གཤིན་རྗེ་གྲགས་ཀྱིས་མཛད་པ། ས་པཎ་གྱི་རྣམ་ཐར་འཕགས་པས་མཛད་པ། འཕགས་པའི་རྣམ་ཐར་ཤར་ཆེན་ཡེ་རྒྱལ་བས་མཛད་པ། ཚོགས་སྒོམ་པའི་རྣམ་ཐར་གཉག་སྙིང་པོ་རྒྱལ་མཚན་གྱིས་མཛད་པ། གཉན་ཆེན་པོའི་རྣམ་ཐར་དཀར་གྲག་པ་རིན་ཆེན་སེངྒེས་མཛད་པ། དཀར་བྲག་པའི་རྣམ་ཐར་རང་ཉིད་ཀྱིས་མཛད་པ། ཞང་དཀོན་མཆོག་དཔལ་བའི་རྣམ་ཐར་དཔལ་ཚུལ་བས་མཛད་པ། རྒྱལ་བ་བྲག་ཕུག་པའི་རྣམ་ཐར་བློ་གྲོས་བསྟན་པས་མཛད་པ། ཆོས་རྗེ་བླ་མ་དམ་པའི་རྣམ་ཐར་དཔལ་ཚུལ་བས་མཛད་པ། བློ་གྲོས་བསྟན་པའི་རྣམ་ཐར་དཔལ་ཚུལ་བས་མཛད་པ། དཔལ་