R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༨༢
[A:༦༨༢]བརྩམས་ཏེ་བཤད་སྒྲུབ་ཀྱི་ཉམས་ལེན་ཐུགས་ཞེན་མཛད་དགོས་ཀྱི་བཅའ་ཁྲིམས་སོགས་ཀྱང་མཛད། ཡར་ལམ་པཎ་ཆེན་ཐམས་ཅད་མཁྱེན་པར་མཇལ་ཕྱག་ལེགས་པ་དང༌། བླ་བྲང་ཞབས་པད་ནས་ཀྱང་གུས་འདུད་ཀྱིས་ནང་ལུགས་གསོལ་སྟོན་རྒྱས་གཤོམ་དང་བཅས་གསུངས་གླེང་ཞིབ་རྒྱས་མཛད། རིམ་བཞིན་གདན་ས་ཆེན་པོར་ཕེབས་ཏེ་ཆོས་སྲུང་རྣམས་ལ་གཏང་རག་འབུལ་བ་སོགས་སྔར་བཞིན་མཛད། གཙུག་ལག་ཁང་དུ་རྟེན་བཞེངས་སོགས་ཇི་ལྟར་མཛད་ཚུལ་ནི། ཤིང་བྱི་ལོ་སྣྲོན་ཟླའི་ནང་རྒྱལ་ཡུམ་དམ་པ་སྐལ་བཟང་བདེ་སྐྱིད་བུ་ཁྲིད་དག་ཞིང་དུ་ཕེབས་པར་དགོངས་རྫོགས་སྤྱི་དང༌། དབུ་རྩེ་གཙུག་ལག་ཁང་དུ་རྗེ་ཉིད་དང་ཆོག་གྲྭ་བཅས་ནས་དཔལ་ངན་སོང་སྦྱོང་རྒྱུད་ཀུན་རིག་གི་ཆོ་ག་སྟ་གོན་དང་དངོས་གཞི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་ཉིན་གྲངས་དུ་མ་དང༌། ལྷོ་བྱང་ཚོགས་ཡོངས་ནས་བཟང་སྤྱོད་སོགས་སྨོན་ལམ་གྲངས་མང་ཚོགས་འདོན། ཕྱི་ལོ་དབུ་རྩེར་ལམ་འབྲས་བླ་བརྒྱུད་ཞལ་སྐོང་དུ་རྗེ་རྡོ་རྗེ་འཆང་པདྨ་བདུད་འདུལ་དབང་ཕྱུག་གི་སྣང་བརྙན་རིན་ཆེན་གཉིས་པ་ལས་གྲུབ་པ་འདིའང་རྒྱལ་ཡུམ་དེ་ཉིད་དང་གདུང་སྲས་སྔོན་དུ་གཤེགས་པ་བཅས་ཀྱི་ནང་རྟེན་ཆབས་ཅིག་ཡིན་པར་གསུངས་ཤིང༌། སྔོན་དུས་གཙུག་ལག་ཁང་དེར་དབྱར་དུས་རློན་གྱིས་གནོད་ཚབས་ཆེ་བར་གནམ་གཡབ་ལྕམ་གང་གཉིས་ཀ་རིང་གཉིས་བཅས་གསར་བསྐྲུན་མཛད་པ་དང༌། གཞན་ཡང་མཆོད་རྫས་གསར་སྦྱོར་མང་དུ་མཛད། ཆོས་བྱང་ལ་དགོན་གསང་སྔགས་བདེ་ཆེན་གླིང་དྲི་