R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༣
[A:༦༣]ལྡན་ཚུལ་ཁྲིམས་ཀྱི་རྣམ་ཐར་བུངྔྷ་ཤྲཱིས་མཛད་པ། བུངྔྷ་ཤྲཱིའི་རྣམ་ཐར་ངོར་ཆེན་གྱིས་མཛད་པ། ངོར་ཆེན་རྡོ་རྗེ་འཆང་དགུང་ལོ་དོན་བཞི་ཡན་དང༌། མྱ་ངན་འདས་བྱུང་བཅས་མུས་ཆེན་གྱིས་མཛད་པ། ཡང་ངོར་ཆེན་གྱི་རྣམ་ཐར་རྒྱས་པ་མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པ། མུས་ཆེན་སེམས་དཔའ་ཆེན་པོའི་རྣམ་ཐར་གུང་རུ་ཤེས་རབ་བཟང་པོས་མཛད་པ། བདག་ཆེན་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རིང་པ་གཉིས་ཀྱི་རྣམ་ཐར་ཚར་ཆེན་གྱིས་མཛད་པ། སྒོ་རུམ་པའི་རྣམ་ཐར་གནས་གསར་བ་མཁྱེན་བརྩེ་དབང་ཕྱུག་གིས་མཛད་པ། ཚར་ཆེན་གྱི་རྣམ་ཐར་གོང་ས་ལྔ་པས་མཛད་པ། རྗེ་ཚར་པའི་ལམ་གླུ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། གནས་གསར་བ་འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་གསུམ་གྱི་རྣམ་ཐར་སོ་སོས་མཛད་པ། མཁན་ཆེན་བསླབ་གསུམ་རྒྱལ་མཚན་གྱི་རྣམ་ཐར་དབང་རབ་ཀྱིས་མཛད་པ། སྔགས་འཆང་བསོད་ནམས་ཆོས་འཕེལ་གྱི་རྣམ་ཐར་རང་ཉིད་ཀྱིས་མཛད་པ། དབང་རབ། མགོན་པོ་བསོད་ནམས་མཆོག་ལྡན་མཁན་ཆེན་ཞྭ་ལུ་བ་གསུམ་གྱི་རྣམ་ཐར་གོང་ས་ལྔ་པ་རིན་པོ་ཆེ་ནས་མཛད་པ། བོད་ཁར་བའི་རྣམ་ཐར་སྤྱན་སྔ་ཆོས་ཀྱི་རྒྱ་མཚོས་མཛད་པ༌། གཞོན་ནུ་བློ་གྲོས་ཀྱི་རྣམ་ཐར་སློབ་བུ་བློ་རྒྱན་གྱིས་མཛད་པ། མཁན་ཆེན་ངག་ཆོས་པའི་རྣམ་ཐར་རྒྱལ་བ་བྱམས་པ་ངག་དབང་རྣམ་རྒྱལ་གྱིས་མཛད་པ། ཡང་དེའི་རྣམ་ཐར་བསྡུས་པ་རྒྱལ་རྩེ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་