R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༩༠
[A:༦༩༠]འཕྲུལ་ལྟ་བུས། ཕན་ཚུན་ཕྱོགས་ལང་དཔུང་སྒྲིག་བྱེད་ཕྱོགས་ཀྱིས་བདག་ཁྲི་ལ་ཡང་བརྩི་མིན་སྣ་ཚོགས་ཞིག་བྱུང་འདུག་པ། སྔོན་དུ་གོང་ས་མཆོག་དང་རྒྱལ་བློན་སོགས་ཀྱི་བཀའི་ཕེབས་སྒོ་བཞིན་རྒྱལ་ཁབ་རང་ལ་སྙན་སེང་མཛད་ཚེ་བཀའ་ཞིབ་དང་འབྲེལ་བྱེད་གཏེ་རྣམས་ཐེར་འདོན་གྱིས་བསྐལ་པ་བདེ་འཇམ་ཡོང་བ་གཞིར་གྲུབ་ཀྱང༌། དེ་བཞིན་གནང་ཚེ་བླ་བྲང་ཁག་རྣམས་དང༌། ཆོས་སྡེ་རྣམས་ནི་ཕན་ཚུན་བླ་སློབ་གནས་སུ་གྱུར་པའི་དམ་སེལ་སོགས་ལ་དགོངས་ནས་སྙན་སེང་སོགས་མ་གནང་ཡང༌། འདི་བཞིན་དུ་རྟག་པར་གྱུར་ཚེ་ས་བསྟན་ཆོས་སྲིད་དང༌། མ་འོངས་གདུང་རྒྱུད་རྣམས་ཀྱང་ཆོས་སྲིད་ཀྱི་འཕྲིན་ལས་མཛད་བཀག་ལ་དགོངས་པ་དེ་སྐབས་ཀྱི་གཞིས་རྩེར་རྟ་ཁལ་སྤྱི་ཁྱབ་པ་མཁན་ཆུང་ཆོས་བཟང་དགེ་འདུན་ལ་བཀའ་མོལ་གྱིས་བླ་ཁག་ལས་བྱེད། ལྷོ་བྱང་ལས་སྣེ། དྲུང་རིགས་བཅས་པར་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་བཀོད་བཞིན། བདག་ཆེན་རིན་པོ་ཆེའི་བཀའ་གནང་ཐོད་བཅིང་ཞུ་རྒྱུའི་གན་རྒྱ་མཐུ་མོ་ཆེ་ཞེས་པ་འཇོག་དགོས་བྱུང་འདུག་པ་སོགས་དང༌། དེ་སྐབས་རྣམས་སུ་སྐུ་མདུན་པ་རྣམས་ལ་བཀའ་ཕེབས་སུའང༌། ད་ཆ་དམ་སེལ་གྱི་དབང་ལས་རང་གཞན་མཐའ་དག་ངན་སོང་གི་རྒྱུ་ལས་མི་འདའ་བས་ཅ་ཟིང་གི་ཡུལ་ལས་ནེའུ་གསེང་གི་སྤྲས་པའི་སྤང་ལྗོངས་སམ་བས་མཐའ་ཞིག་ཏུ་སྐྱེ་བ་བླངས་པས་འགབ་ཅེས་ཡང་ཡང་གསུངས་ཀྱང་བདག་ཅག་གི་སྟོན་པས། ཀུན་དགའ་བོ་ལ་དེ་བཞིན་པ་ནི་འདོད་ན། བསྐལ་པའམ་བསྐལ་པའི་བར་དུ་