R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༩༡
[A:༦༩༡]བཞུགས་པར་ནུས་སོ། །ཞེས་ཡང་ཡང་གསུངས་ཀྱང༌། ཀུན་དགའ་བོ་བདུད་ཀྱིས་རྣ་བ་ཁེབས་ནས་ཅི་ཡང་མ་ཞུས་པ་བཞིན་དོན་དུ་བསྟན་སྲིད་ཀྱི་སྐུ་གེགས་བདོ་བས་གང་ཡང་ཞུ་མ་སྤོབས་པའི་ཁར། རྩེ་ཕྱག་ཡེ་ཤེས་པ་ལ་དེ་དོན་རང་ཉེས་པ་ཡོང་གི་མིན་ནམ་སྙམ་པ་ཞུས་ཚོད་སོགས་དང༌། ཡང་དམ་པ་དེ་ཉིད་ཀྱི་གསུང་ལས། སྔོན་དུས་ཡབ་རྗེ་རྡོ་རྗེ་འཆང་གཞན་དོན་དུ་གཤེགས་སྐབས། ད་ཁྲི་ཆེན་གཞི་ཐོག་ཏུ་བྱོན་ཅིང་གསུངས་པ་ན། ཁོ་བོས་ཕྱག་འཚལ་དང་འབྲེལ་ལོ་གཉིས་གསུམ་བརྟན་བཞུགས་ཀྱི་ཡིད་སྨོན་བྱས་པས་ཡབ་རྗེ་མཆོག་ནས་ང་ལུས་ན་སོ་རྒས་པས་བསྡོད་ན་ཅི་ལ་ཕན། ཁྱེད་རང་ཡང་ཁྲི་ཐོག་ཏུ་སྡད་རིང་ཇུས་ལམ་སོགས་གང་ས་ནས་ཕུན་སུམ་ཚོགས་པ་བྱུང༌། ཁྲི་ཐོག་ཡུན་རིང་པོར་མ་བྱེད་གསུངས་པའི་ལོ་དུས་ད་ལོ་རྫོགས་ཀྱིན་ཡོད་གསུངས་པ་དང༌། ཡང་གཞི་ཐོག་ཕོ་བྲང་གི་སྐུ་སྒེར་གྱི་ཕྱག་རྫས་རྣམས་ཀྱང༌། སྒྲོལ་ཕོ་དང་ཞབས་ལྷ་སོགས་སུ་སྤོ་བ་དང༌། སྔོན་ནས་ཡོད་པའི་ཁྲི་ཐོག་པའི་ཐུགས་མཁོ་རྣམས་དེ་ཁར་བཞག་གནང་གི་ཞལ་བཀོད་མཛད་པ་ལ་རྒྱུན་དང་མི་འདྲ་བའི་རྟགས་འགྲུས་ཆེ་བ་མཛད། ཡང་སྐབས་ཤིག་ཏུ་གཞི་ཐོག་ནས་ཞབས་ལྷར་བྱོན་པའི་ཚེ། ཀུན་ར་ནས་གནས་དེར་སྤྱན་ཆེར་གཟིགས་ཏེ། ད་ཕན་སྐྱིད་པོ་རང་བྱུང༌། ད་ནི་ག་ལེར་སྐུ་བཞུགས་གནང་གསུངས་པ་ནི། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་རྣམ་ཐར་དང་མཚུངས་པ་དང༌། ཡང་སྐབས་ཤིག་གསུངས་ལས་མདང་ནུབ་གཉིད་དང་འོད་གསལ་འབྲེལ་བའི་ངང་ལས་ནུབ་ཕྱོགས་བདེ་བ་ཅན་དུ་ཕྱིན་