[A:༦༤]གསུམ་གྱི་རྣམ་ཐར་སོ་སོའི་ཞལ་གསུང་མ། བླ་མ་དམ་པའི་བརྒྱུད་རིམ་རྣམ་ཐར་ངོ་མཚར་སྣང་བ། བར་སྟོན་གྱིས་མཛད་པའི་བརྒྱུད་པའི་རྣམ་ཐར་ཞིབ་མོ་རྡོ་རྗེ། རྗེ་བཙུན་རིན་ཆེན་ནས་མཛད་པའི་བཀའ་དྲིན་མཚུངས་མེད་མ། ཚར་ཆེན་གྱིས་མཛད་པའི་གསུང་ངག་བརྒྱུད་པའི་བཀྲ་ཤིས་རྡོ་རྗེ་འཆང་དབང་རྣམས་ཀྱི་ལུང༌།
གཉིས་པ་ཉམས་མྱོང་ཚད་མའི་སྐོར་ལ། གཞུང་ཇི་ལྟ་བ་བཞིན་བཀྲོལ་བའི་ཉམས་ཁྲིད་ཀྱི་དགོངས་དོན་ཚར་ཆེན་རྡོ་རྗེ་འཆང་གི་གསུང་ཇི་ལྟ་བ་བཞིན་འཇམ་དབྱངས་མཁྱེན་བརྩེས་ཟིན་བྲིས་སུ་མཛད་པའི་ཁྲིད་ཡིག་གསང་ཆེན་བསྟན་པ་རྒྱས་བྱེད་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བ་ལ་གཞིར་བྱས། བུམ་དབང་གི་རྨི་ལམ་མན་འཕྲོར་ལུས་པ། གོང་ས་ལྔ་པ་རིན་པོ་ཆེ་ནས་མཛད་པ་ལྟར་དང༌། དེ་ལ་གསུང་བཤད་དགོས་པ་རྣམས་ནི། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་སྣང་རྒྱུད་ཀྱི་ཁྲིད་ཡིག་སོགས་ནས་རྒྱས་པར་ཁ་བསྐངས། སྒྲོ་འདོགས་གཅོད་པའི་སྐབས། འཇམ་དབྱངས་མཁྱེན་བརྩེའི་གསུང་ངག་བྱུང་ཚུལ་ཟིན་བྲིས་ཀྱི་སྟེང་ནས་བླ་མ་བརྒྱུད་པའི་རྣམ་ཐར་རྒྱས་པ་གསུང་ངག་དབང་གི་ཆུ་བོ་མ་ནུབ་པ་སོགས་བཞི་པོ་འདི་ཚོགས་སློབ་གཉིས་ཆར་མ་དགོས་ཤིང༌། སློབ་བཤད་པར་འཆད་ཚུལ་ཐུན་མོང་མ་ཡིན་པ་ཡང་ཡོད་ཅིང༌། སྙན་བརྒྱུད་དང་པོ་ནི་རྒྱུ་འབྲས་གསུམ་གྱི་དབང་གི་ཆུ་བོ་མ་ནུབ་པ། གཉིས་པ་ནི་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། གསུམ་པ་ནི་སརྒ་ཞེས་པ་རྒྱུད་དང་མན་ངག་གིམན་གྱི་གོ་རིམ་མ་