R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༩༤
[A:༦༩༤]ངོ་ཕེབས་ཀྱིས་མཆོད་ཚོགས་དང་བཅས་སྤུར་མཇལ་གནང་ཐོག ཐུགས་སྨོན་དང་བཅས་སྤྱན་ཆབ་ཀྱང་མང་གསིལ་གྱིས། ངོས་ཀྱི་ཇོ་ལགས་འདི་བཞིན་བསོད་ནམས་ཀྱི་ར་བར་མ་ཆུན་ཚུལ་གྱི་ཐུགས་ངལ་མང་གནང་བཅས་དགོངས་རྫོགས་རྣམས་ཀྱི་བཀའ་བཀོད་བསྐྱངས་པ་དང༌། དེ་ནས་ཕུན་ཕོར་ཕེབས་ཏེ་གསོལ་འདེབས་རིགས་ཀུན་ཁྱབ་བདག་འདི་བཞིན་སྐད་ཅིག་ལ་ལྗགས་རྩོམ་གྱིས་དེ་ནུབ་མང་ཇའི་སྟེང་ཚོགས་ཆེན་དུ་ཞལ་འདོན་དུ་བསྩལ། དེ་སྐབས་ཡབ་རྗེ་རྡོ་རྗེ་འཆང་ཉིད་རྡོ་རྗེ་ཕུར་པའི་ལྗགས་བསྙེན་བཞུགས་སྐབས་ཡིན་པས་ཨ་ལྕེ་དྲུང་རྗེ་བཙུན་སྐལ་བཟང་ཆོས་སྒྲོན་ཞབས་འབྲིང་དྲག་གྲས་ནས་འགན་འཁུར་བྱས་ཏེ། དགོངས་རྫོགས་ཀྱི་རིགས་དང་ཁྲི་འཛིན་གྱི་ལས་དམ་ཡིག་རིགས་སོགས་ཀྱང་དེ་ཉིན་རང་ཕུལ་བཞེས་གནང་ཚོད་དང༌། སྐུ་གདུང་བཞུགས་པའི་སྟེང་དེར་བླ་བྲེ་མེད་པ། སྔོན་ཐུབ་བསྟན་ཡངས་པ་ཅན་གྱི་མཁན་རྙིང་ནས་བླ་བྲེ་དེ་སྐུ་གདུང་ཡིད་བཞིན་ནོར་བུའི་དབུ་ཐོག་ཏུ་ཕུལ་བས་གདུང་དེར་ཆེས་སྐྱོན་ཆུང་སྐྱོན་མེད་པར་སྔོན་དུ་བཟོ་བོ་མཁས་པས་ཚད་པ་བཞིན་ལེགས་པར་འགྲིག་ཅིང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དང༌། ཀྱཻ་རྡོ་རྗེའི་སྒྲུབ་མཆོད། ཟབ་མོ་བླ་མའི་རྣལ་འབྱོར་ལ་སོགས་པའི་ཐུགས་དམ་གསལ་འདེབས། རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོར་གསུང་རྟེན་འབུལ་བ་དང་ཆབས་ཅིག གསེར་སྙན་སྒྲོན་པ་སོགས་དང༌། ཧོར་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་སེར་ཕྲེང་ཟབ་མ་དང་བཅས་སྐུ་གདུང་རིན་པོ་ཆེ་སྤྲུལ་བའི་གནྡྷོ་ལ་ཆེན་པོའི་ཕུར་ཁང་དུ་མཆོད་ཚོགས་ཀྱི་