R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༩༦
[A:༦༩༦]དེ་ལྟར་དགུང་ཞག་ནམ་རྫོགས་བར་བླ་མ་མཆོད་ཆོག ཀྱཻ་རྡོར་སྒྲུབ་མཆོད་དགུང་ཞག་བདུན་རེའི་མཚམས་དང༌། སྐབས་འགར་འདུས་ཚོགས་སུ་འགྱེད་མང་ཇ། ཀུན་རིག་ཆོ་ག་སོགས་དང༌། དགུང་ཞག་གསུམ་བར་སྔགས་འཆང་བླ་མ་ངག་དབང་ཀུན་དགའ་བསོད་ནམས་ཚོགས་དབུར་ཕེབས་ཏེ། གསང་སྔགས་བདེ་ཆེན་གླིང་གི་འདུས་ཚོགས་དང་བཅས་པའི་རྡོ་རྗེ་ཕུར་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་མཆོད་ཟབ་མོ་ཞག་བདུན་མཛད་པ་དང༌། དེ་ནས་བཟུང་ལོ་ལྟར་རྒྱུན་འཛུགས་ཀྱི་ཕུར་པ་སྒྲུབ་མཆོད། དུས་དྲན་གྱི་མཆོད་འབུལ་གསེར་སྡུ་བཅས། དགུང་ཞག་ཐིམ་ཉིན་སྟོང་མཆོད་རྟེན་གསུམ་རྣམས་ལ་སྙན་དར། འདུས་ཚོགས་སུ་མང་ཇ་འགྱེད། ངན་སློང་རྣམས་ལ་སྦྱིན་གཏོང་སོགས་དང༌། ལོ་དེའི་ཟླ་རེ་ཉིན་ལྟར་ཆོས་སྡེར་ཀུན་རིག་ཆོ་ག་མང་ཇ། བརྒྱ་མཆོད་བཅས་དང༌། གཞན་ཡང་སྐྱབས་མགོན་རྒྱལ་དབང་རིན་པོ་ཆེས་གཙོས་སྐྱབས་མགོན་རྩེ་ཤོད། པཎ་ཆེན་ཐམས་ཅད་གཟིགས་སོགས་ལ་འབུལ་ཚན། ངོར་སོགས་དབུས་གཙང་གི་དགོན་གནས་རྣམས་ལ་མང་ཇ་འགྱེད་བསྔོ་རྟེན་སོགས་ཞིབ་པར་དེ་དུས་ཀྱི་ཐོར་གསལ་ཞིང༌། དེ་ནས་ཡབ་རྗེ་མཆོག་བཅད་རྒྱ་རྡོལ་ནས། གཞུང་སྒེར་ནས་ནང་རྟེན་རིན་ཆེན་གཉིས་པ་དང༌། གདན་ཁྲི་ཆོས་འཁོར་ཟངས་ལས་གྲུབ་པའི་བྱང་ཆེན་མཆོད་རྟེན་ནང་གཟུངས་རིང་བསྲེལ་རྣམ་བཞི་སྤྱི་བྱེ་བྲག་བདག་ཆེན་དེ་ཉིད་ཀྱི་གདུང་རུས་ལ་ཁང་བཟང་གི་ནང་ཐུབ་དབང་གྲོང་ཞུད་མ་རང་བྱོན་ཤིན་ཏུ་གསལ་བས་མཚོན་རྩ་བའི་ལྷ་ཚོགས་ཀྱི་སྣང་བརྙན་དུ་