R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༩༧
[A:༦༩༧]མ་བྱོན་པ་རྣམས་བཏུལ་ཏེ། གདུང་འདམ་ལས་སྤར་བའི་བླ་མ་ཆོས་སྲུང་ནོར་ལྷའི་སྐུ་དུ་མ་དང༌། ཁྲོ་ཕུ་བྱམས་པས་དགའ་ལྡན་ནས་ཕབ་པའི་ཐུབ་དབང་ལྷ་བབ་མས་མཚོན་གསེར་སྐུ་དང་སྨན་སྐུ་འགྲེལ་བཞི་བཅུ་བྱིན་ཅན་རྣམས་བཞུགས་པ་ལ་རིན་པོ་་ཆེ་དུ་མའི་ཕྲ་རྒྱན་གྱིས་མཛེས་པ། ལྷ་ཆེན་དུ་ཡབ་རྗེ་པདྨའི་མཚན་ཅན་གྱི་ནང་རྟེན་གྱི་གཡས་ངོས་སུ་ཞལ་ཤར་བསྟན་དུ་བཞུགས་པ་འདི་ཉིད་ལ། ཡབ་རྗེ་མཆོག་ནས་རབ་གནས་བསྡུས་པ་ལན་དུ་མ། རྒྱས་པ་ཞག་བདུན་བཅས་བསྩལ་བས། སླར་ཆུ་སྟོད་ཟླ་ནང་གཟའ་ཚེས་དགེ་བར་བདག་ཁྲི་ངག་དབང་ཀུན་དགའ་བསོད་ནམས། ཆོག་གྲྭ་བན་ཚང་པ་དང་བཅས་པས་རྡོ་རྗེ་ཕུར་པ་ལ་བརྟེན་པའི་རབ་གནས་ཤིན་ཏུ་རྒྱས་པ། ཞི་རྒྱས་ཀྱི་སྦྱིན་སྲེག་གྲོལ་ཉིན་ཕྱི་བསྐོར་ལ་མེ་ཏོག་འཐོར་བ། ལྷ་ཆེན་གློ་བུར་ལ་གོས་སྐུ་ཞལ་ཕྱེའི་མཆོད་འབུལ་དང༌། གཙུག་ལག་སོ་སོར་ཡང་སྣ་ལྔའི་མཆོད་པ་བརྒྱ་ཕྲག་དུ་མ་དགེ་འདུན་དང་སྐྱེ་བོའི་སྡེ་ལ་དངོས་འགྱེད་སོགས་རྒྱ་ཆེ་བ་དང༌། ལོ་དུས་ཀྱི་སྐུ་མཆོད་དུ་གཞུང་སྒེར་ནས་དཔལ་ཆེན་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་རྡུལ་ཚོན་གྱི་དཀྱིལ་འཁོར་ཞལ་ཕྱེ་སྟེེ་ཞག་ལྔ༌། དུས་ཆེན་ཉིན་སེར་འདུ་ཇ་ཐུག་ཞལ་བསྐོར་སྐབས་དགོས་པའི་བཟང་གོས་ཀྱི་མཆོད་ཕྲེང་བཅུ་གཉིས་མཚན་པ་གསར་བསྐྲུན་སོགས། མདོར་ན་དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཉིད་ཀྱི་ཟབ་དགོངས་ཡོངས་སུ་རྫོགས་ཐབས་རྒྱ་ཆེ་བའི་ཐབས་ལ་བརྩོན་པར་མཛད་ཚུལ་མདོ་ཙམ་བཤད་པ་སྟེ། དེ་རྣམས་ཀྱིས་བདག་ཆེན་སྔགས་འཆང་མངྒའི་མཚན་ཅན་གྱི་མཛད་