R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༠༠
[A:༧༠༠]དབྱེར་མེད་པ་ནི། རྙིང་མ་རྒྱུད་འབུམ་གྲས་སུ་རིན་ཆེན་སྣ་བདུན་བྱ་བ་ལས། དོལ་རྒྱ་དོལ་རྒྱ་ཞེས་པ་འདི། །ཐར་ལམ་ལོག་པ་མ་ཡིན་ཏེ། །ངོ་བོ་ཐུགས་རྗེ་ཆེན་པོའོ། །ཞེས་གསུངས་པ་ལྟར་དེ་སྐབས་སུ་ས་སྐྱ་པ་ཡབ་རྗེ་བསོད་ནམས་རིན་ཆེན་དང་། ཁྱད་པར་འཇམ་མགོན་ཀུན་དགའ་བློ་གྲོས་ཟུང་ནས་གདན་ས་ཆེན་པོ་འདི་ཉིད་ཀྱི་བསྟན་སྲུང་གྲས་སུ་མངའ་གསོལ་བར་མཛད་དེ། གསོལ་མཆོད་རྒྱས་པར་གནང་ཡང། སྙིགས་དུས་རྒྱལ་བའི་བསྟན་པ་སྲུང་བ་ལ། །རྒྱལ་ཆེན་ཁྱེད་ལས་ལྷག་པའི་མཐུ་རྩལ་ནི། །བདག་གི་ལན་བརྒྱར་བཙལ་ཀྱང་མ་རྙེད་པས། །ཞེས་སོགས་གསུང་པའི་རྒྱུ་མཚན་ཡང།་ འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འདི་ཉིད་ནི། རྒྱལ་ཀུན་བརྩེ་ཆེན་ཐུགས་རྗེའི་རང་གཟུགས། འགྲོ་བ་སེམས་ཅན་ཀུན་གྱི་ཕན་བདེ་སྒྲུབ་པ་ལ་མ་ལྟར་ལྷག་པར་བརྩེ་གདུང་ཆེ་བ་ཞིག་ཡིན་ན། འདི་ཡི་མཚན་ཐོས་པ་དང་གཟུངས་སྔགས་ཐོས་པ་ཙམ་གྱིས་ཀྱང་ངན་སོང་གསུམ་གྱི་སྡུག་བསྔལ་ལས་སྒྲོལ་བར་གསུངས་པ་སོགས་ཕན་ཡོན་ཚད་མེད་གྲངས་མེད་པ་མདོ་རྒྱུད་རིན་པོ་ཆེ་དུ་མ་ལས་གསུངས་པ་རྣམས། འདིར་ཚང་མ་འབྲིར་ལ་ལངས་པས་མཚོན་པ་ཙམ་དང། གཞན་ཡང་དེ་སྐབས་ས་ལུགས་ཀྱི་བསྟན་འཛིན་འགྲན་ཟླ་བྲལ་བ་རྨོར་ཆེན་རྡོ་རྗེ་འཆང་དང། རྡོ་རྗེ་བྲག་རིག་འཛིན་ཆེན་པོ། གནས་སར་འཇམ་མགོན་ཀུན་དགའ་ལེགས་འབྱུང་སོགས་ནས་ཀྱང་བསྟན་སྲུང་མངའ་གསོལ་གྱི་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་བར་མཛད་པ་དང། དེ་སྐབས་ཀྱི་གནས་