R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༦༩༩
[A:༦༩༩]རྗེ་པདྨའི་མཚན་ཅན་གྱི་བཀའ་བཞིན་གསང་ཡུམ་བགྲེས་པ་ཧོར་ཁང་གསར་པ་སྐལ་བཟང་དཔལ་གྱི་སྒྲོལ་མ་ལས། རྗེ་བཙུན་འཆི་མེད་ཉི་ཟླ་དབང་མོ་ལས་གདུང་སྲས་མ་བྱུང་ཞིང༌། དེ་རྗེས་ཡབ་རྗེ་རྡོ་རྗེ་འཆང་པདྨའི་མཚན་ཅན་གྱི་བཀའ་བཞིན་སླར་ཡང་དྭགས་པོ་ལྕང་ར་བ་བསོད་ནམས་དཔལ་སྒྲོན་བུ་ཁྲིད་གསང་ཡུམ་དུ་བཞེས་ཏེ། མངལ་གསོལ་མཚན་འདོགས་བཅས་མཛད་ཀྱང༌། ས་སྐྱ་པའི་གདུང་རབས་གཙང་མ་འདི་བཞིན་གཞན་དང་མི་འདྲ་བས་ཤིན་ཏུ་ཕེབས་དཀའ་བ་དང༌། སྔོན་དུ་གདུང་སྲས་གཉིས་བྱུང༌། སྙིགས་ལྔའི་འགྲོ་རྣམས་བསོད་ནམས་ཀྱི་ཤུགས་ཆུང་བར་བརྟེན། ཞབས་མ་བརྟན་པར་བདག་ཆེན་ཉིད་ནས་ཡབ་རྗེ་གྲུབ་པའི་དབང་ཕྱུག་པདྨ་བདུད་འདུལ་དབང་ཕྱུག་ལ་གདུང་རབས་མྱུར་འབྱོན་གྱི་འཕྲིན་བཅོལ་གསོལ་འདེབས་ཀྱི་བསྐུལ་མ་མཛད་པ། ཡབ་རྗེ་མཆོག་ནས་ཀྱང་ཞལ་བཞེས་ཏེ་རུམ་སྟེང་འོག་སོགས་གདན་ས་འདི་ཉིད་ཀྱི་ཆོས་སྲུང་ཡེ་ཤེས་པ་དང་དབྱེར་མེད་པ་དངོས་སུ་བཞུགས་པའི་མགོན་ཁང་རྣམས་སུ་འཕྲིན་བཅོལ་མཛད་དེ། གྲོལ་ཉིན་བརྟག་དཔྱད་ཞུ་གནང་སྐབས་ཡབ་རྗེ་མཆོག་གི་བཀའ་ལས། གཅེས་གཞན་ནི་ཡོང་མཁན་མི་འབྱོར་འདུག་སྤོ་བོ་ཤུགས་ལྡན་ཡོང་བ་ཡོད་དོ་ཞེས་བཀའ་སྩལ་བ་དྲང་དོན་ཙམ་ལས་དོན་ལ། བྱང་ཆུབ་སེམས་དཔའ་ཕྱག་ན་པདྨོ་འཆང་བ་ཉིད་དམུ་རྒོད་གདུལ་དཀའ་སེམས་ཅན་འདུལ་བའི་སླད་དུ་མིའི་གཟུགས་སུ་སྤྲུལ་པར་ལུང་བསྟན་པ་ཡིན་ཏེ། རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རྩལ་ཞེས་གྲགས་པ་དེ་འཕགས་པ་སྤྱན་རས་གཟིགས་དང་ངོ་བོ་