[A:༦༥]འཆོལ་བ། བཞི་པ་ནི་བསམ་པ་ཚིམ་པས་རྟོགས་པ་རྒྱུད་ལ་སྐྱེས་པ། ལྷ་དང་བླ་མ་གདམས་ངག་བཅས་པར་གཞན་རྐྱེན་གྱིས་འཕྲོག་མི་ནུས་པའི་མོས་གུས་རྒྱུད་ལ་སྐྱེས་པ་སྟེ་བཞི་ཡིན་ཞིང༌། དེ་ཡང་སྙན་རྒྱུད་གསུམ་པའི་གོ་རིམ་མ་འཆོལ་བ་ཞེས་པར། འབྲེལ་མ་བརྟགས་པར་དབང་མི་བསྐུར། དབང་(མ)བསྐུར་བར་གདམས་ངག་མི་འཆད། དེ་མ་བཤད་པར་གཞུང་མི་སྦྱིན། དེ་མ་སྦྱིན་པར་སྒྲུབ་པའི་ལུང་དང་གསང་བ་བཅུ་གཉིས་རྒྱས་མི་གདབ་པ། འཁྲུལ་ཟད་གོང་མ་རྣམས་ཀྱི་ཕྱག་ལེན་རྣམ་པར་དག་པ་ཡིན་ལ། ཁྲིད་ཚུལ་ཡང་རྒྱུད་དང་མན་ངག་གི་དགོངས་པ་མཐུན་པར། ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་སྔགས་ལམ་ལ་འཇུག་པའི་ཐོག་མར་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཡི་གེ་ལྟར་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད། དེ་ནས་གོང་མའི་ཕྱག་ལེན་ལྟར་སློབ་མ་རྗེས་འཛིན་བསགས་སྦྱང་གི་དམིགས་ཁྲིད་བཅས་ཕབ་ནས། སློབ་དཔོན་གྱི་ཁ་གསོའི་ལྗགས་བསྙེན་རིང་ཐུན་བཞིར་བཅད་པའི་བསགས་སྦྱངས་དང༌། དེ་གྲོལ་ཕྲལ་སྨིན་གྲོལ་གཉིས་ཀྱི་དང་པོ་བཅོམ་ལྡན་འདས་དགེས་པ་རྡོ་རྗེ་ལྷ་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་མུས་ཆེན་སེམས་དཔའ་ཆེན་པོའི་མངོན་དཀྱིལ་བྱ་བྲལ་མར། ཚར་ཆེན་རིན་པོ་ཆེའི་ལྷན་ཐབས་སྦྱར་བའི་ཞལ་ཤེས་ཕྱག་ལེན་གྱིས་བརྒྱན་ཏེ། སློབ་བཤད་པའི་ཁྱད་ཆོས་གཞན་དང་མ་འདྲེས་པ། སློབ་མ་རེ་རེ་ནས་དབང་སྟེགས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བཞག་པ་ནས། རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བ་སོགས་མཐའ་ཤིན་ཏུ་ཆོད་པ་འདི་སྐབས་སྦྱང་གཞི་སྦྱོང་