R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༠༨
[A:༧༠༨]གསན། ལམ་འདུས་ཐུན་གཉིས་ཆག་མེད་མཛད་ཅིང། གསང་དབང་གི་ལམ་གྱི་སྔོན་འགྲོར་བདག་མེད་མའི་བྱིན་རླབས། གཞན་ཡང་ལམ་འབྲས་ཆ་ལག་ལམ་ཟབ་ཕྱི་མའམ་ཐུན་མོང་བ་དང༌། ལམ་ཟབ་ནང་མའམ་ཐུན་མོང་མ་ཡིན་པའི་བྱིན་རླབས་རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས། རྟེན་འབྲེལ་སྲུང་བའི་བྱིན་རླབས། སྒྲུབ་པ་ལུང་སྦྱིན། གསང་བཅུའི་རྒྱས་གདབ། མགོན་རྐྱང་རྗེས་གནང་བཅས་གསན། གཞན་ཡང་ལམ་འབྲས་སྐབས་དེར་རྗེས་གནང་དང༌། བྱིན་རླབས་སོགས་གསན་གྲས། གྲུབ་ཆེན་བརྒྱད་ཅུའི་བྱིན་རླབས་གནང་སྐབས་གྲུབ་ཆེན་སོ་སོའི་སྣང་བརྙན་གྲངས་ཆེན་བླ་བྲང་ནས་སློབ་བུ་རྣམས་ཀྱི་རེ་སྐོང་དུ་གདན་དྲངས་ཏེ་བྱིན་རླབས་སོ་སོར་འགྲིག་གནང་མཛད་པར་གྲགས་ཤིང༌། གཞན་ཡང་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ལས་སྔ་ཕྱིར་གསན་པ་རྣམས་ཕྱོགས་གཅིག་ཏུ་བརྗོད་ན། སྤྱི་བཀའ་སྒྲུབ་ཐབས་བརྒྱ་རྩ། ཇོ་ལུགས་དང་བླ་མེད་སྒྲོལ་མ་ཉེར་གཅིག གཉན་སྒྲོལ་ཡན་ལག་དྲུག་པ། རི་ཁྲོད་མ་སེར་མོ། འཇམ་དཔལ་དམར་སེར། འཇམ་དཀར། འཇམ་དབྱངས་སྨྲ་སེང༌། གང་བློ་མའི་རིག་གཏད། ས་འཇམ་སྦགས་སྒྲུབ། དབྱངས་ཅན་དཀར་མོ། བཅུ་གཅིག་ཞལ་གཙོ་རྐྱང༌། སེང་གེ་སྒྲ། ཕྱག་རྡོར་ཨུ་ཙྱ། ཕྱག་རྡོར་གཏུམ་པོ། རྟ་མགྲིན་སྐྱེར་སྒང་ལུགས། ཐུབ་དབང་གནས་བརྟན་བཅུ་དྲུག རྣམ་འཇོམས་བ་རི་ལུགས། གསེར་ཆོས་མཁའ་སྤྱོད་སྐོར་གསུམ། དམར་པོ་སྐོར་གསུམ། དམར་ཆུང་སྐོར་གསུམ། འཇམ་དཔལ་ནག་པོ་གནད་བཅུ་གཅིག་གི་སྒོམ་ལུང་དང་